མདུན་ཤོག- རིག་གནས།- རིག་རྩལ་གསར་རྩོམ།- སྙན་རྩོམ།

སེམས་ཀྱི་ཁ་དོག

ལྕགས་བྱམས་རྒྱལ།    2015-02-06 10:12

ལས་ཀྱི་ལམ་ཁ་ཅིག་ནས།།
ལན་གཅིག་ལྷན་དུ་འཛོམས་ནས།།
འཚོ་བའི་ཁ་དོག་གླེང་བ།།
གཏན་དུ་བརྗེད་པར་དཀའ་བ།།

སྲོད་ལ་ལྷ་བསང་བཏང་ནས།།
སང་ལ་སྨོན་ལམ་བརྒྱབ་ཀྱང་།།
རེ་བའི་འོད་སྣང་ཕྲ་མོ།།
དེ་ཙམ་རྒྱང་ཐག་རིང་བ།།

ཆུང་འདྲིས་སྙིང་དུ་འབབ་འབབ།།
རྨི་ལམ་ནང་དུ་འཁོར་བ།།
ལས་འཕྲོ་ལམ་བུ་དོག་རྐྱེན།།
ད་ཆ་གོ་སྐབས་ཉུང་བ།།

ཚེ་འདིར་བཏབ་པའི་སྨོན་ལམ།
ད་དུང་འདེབས་དགོས་ཡོད་འདྲ།།
རེ་བ་ཕྲན་ཙམ་གདའ་ཡང་།།
སེམས་ཀྱི་ཨ་ཐང་མི་ཆད།།

ཁ་ཐག་རིང་བ་ལན་ནམ།།
གོ་སྐབས་ཉུང་བ་ལན་ནམ།།
ལན་པ་ཁྱོད་ལན་ང་ལན།།
ལས་འདི་འགྲེལ་ཐབས་དཀའ་བ།།

ཚེ་སྟོད་བཏབ་པའི་སྨོན་ལམ།།
ཚེ་སྨད་འགྲུབ་པ་མེད་ན།།
སྐྱེ་གཞུག་མི་ལུས་ཐོབ་ན།།
དེ་དུས་ཨེ་འགྲུབ་བརྩོན་ཡོང་།།

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག