མདུན་ཤོག- རིག་གནས་འཚོ་བ།- བྱ་དགའ་ཡོད་པའི་རྩོམ་ཡིག- གླུ་ཚིག

རང་ཡུལ་ལུང་བ་ཆུང་ཆུང་།

རྩོམ་པ་པོ། བིས་མདོ་བ་ཆོས་སྐྱོང་།    2013-10-21 10:07

སྐྱིད་ཀྱི་འཛུམ་ཆུང་ཞལ་ནས་འཐོར་བའི།
རང་ཡུལ་ལུང་བ་ཆུང་ཆུང་།
བསྟོད་པའི་ངག་གི་གཞས་ཆུང་ལེན་ས།
ཁ་བ་དཀར་བོ་ནོག་གིས་སོང་བས།
བསྟོད་པ་རྐྱང་གི་ཁ་དར་རིང་མོས།
ཁྱེད་ཀྱི་ཡིད་སེམས་གང་ནས་ཚིམ་ཨང་།

སྡུག་གི་མིག་ཆུ་སེམས་ནས་འཐོར་བའི།
རང་ཡུལ་ལུང་བ་ཆུང་ཆུང་།
མངོན་བསྟོད་ཡིད་ནས་མཆོད་པ་འབུལ་ས།
ཀ་ཁའི་དབྱངས་སྙན་ངག་ན་འགག་པས།
མངོན་པ་རྐྱང་གི་ལོ་རྒྱུས་བརྗིད་པོས།
ཁྱེད་ཀྱི་མིག་རྒྱང་གང་ནས་ཚིམ་ཨང་།

སྐྱིད་སྡུག་ཟུང་གི་ཞེན་ཆགས་འཐོར་བའི།
རང་ཡུལ་ལུང་བ་ཆུང་ཆུང་།
དུངས་པའི་ཐུགས་ཀྱི་བརྩེ་བ་འཐུ་ས།
ཕ་སྐད་དྭངས་མོའི་ཆུ་རྒྱུན་ཉོག་པས།
འོ་དོད་རྐྱང་གི་སྤྱན་ཆབ་སྐྱུར་མོས།
ཁྱེད་ཀྱི་འདོད་བློ་གང་ནས་ཚིམ་ཨང་།

༢༠༡༣ ༩ ༡

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག