མདུན་ཤོག- རིག་གནས་འཚོ་བ།- བྱ་དགའ་ཡོད་པའི་རྩོམ་ཡིག- གླུ་ཚིག

གཞིས་བྱེས་ཞལ་འཛོམས།

རྩོམ་པ་པོ། བིས་མདོ་བ་ཆོས་སྐྱོང་།    2013-10-21 10:07

བསོ།ཡུལ་མི་ཁ་དྲོ་བཀྲ་ཤིས།
བསོ།ཡུལ་མི་ཚེ་རིང་ལོ་བརྒྱ།
དགའ་བའི་ཉིན་ལ་འཛོམས་སོང་།
འཛོམས་པོ་གཞས་ལ་བཀུག་སོང་།
གཞས་ཀྱི་རམ་འདེགས་སྙན་མོ།
སེམས་དང་བསམ་པ་ཡིན་སོང་།
སྐྱིད་ལ་ཡུལ་མི་འཛོམས་ཤོག
ནང་ལ་ཡུལ་མི་སྤུན་ཆུང་།

བསོ།ཡུལ་མི་བཀྲ་ཤིས་བདེ་ལེགས།
བསོ།ཡུལ་མི་དགའ་དགའ་སྐྱིད་སྐྱིད།
གཞིས་བྱེས་ནང་མི་འཛོམས་སོང་།
ལྷན་དུ་བྲོ་ལ་རོལ་སོང་།
བྲོ་ར་ཕྲ་མོའི་ལྡེམ་མྱུར།
བུ་དང་བུ་མོ་མཛེས་སོང་།
དགའ་བའི་ཚིག་གསུམ་གསུང་སོང་།
སྐྱིད་ལ་སང་ལོ་འཛོམས་ཤོག
འཛོམས་པོ་སྤུན་དང་ན་ཟླ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག