མདུན་ཤོག- རིག་གནས་འཚོ་བ།- བྱ་དགའ་ཡོད་པའི་རྩོམ་ཡིག- གླུ་ཚིག

ཁེར་རྐྱང་གི་མི།

རྩོམ་པ་པོ། བིས་མདོ་བ་ཆོས་སྐྱོང་།    2013-10-21 10:07

ཕ་གིའི་རི་བོ་འོ།།སྤྲིན་པ་ཐ་ཐོར་རོ།།
སེམས་སོང་བྱམས་པ་རོ།།སྣང་བ་ཐན་ཐུན་འོ།།
མྱི་བུ་ཁེར་རྐྱང་ངོ་།།ཤེའུ་ཆུང་ཁེར་འགྲོ་རོ།།

ཕ་གིའི་ཉག་ག་འོ།།ལམ་བུ་ཀྱ་ཀྱུར་རོ།།
སྙིང་སྡུག་སྒྲོལ་མ་རོ།།སྙིང་གཏམ་ཐ་ཐུང་འོ།།
སེམས་པ་ཁེར་རྐྱང་ངོ་།།དར་ལྕོག་ཟད་པོ་རོ།།

ཕ་གིའི་རྐང་ལམ་འོ།།རྐང་རྗེས་ཐ་ཐོར་རོ།།
བློ་ཡི་ཚིག་གསུམ་རོ།།བཤད་རོགས་ཉ་ཉུང་འོ།།
རྣམ་ཤེས་ཁེར་རྐྱང་ངོ་།།ཞག་སྒྲོན་ཉག་གཅིག་རོ།།

ཕ་གིའི་མྱི་བུ་འོ།།བློ་གཤོག་བདེ་སྡུག་རོ།།
སྙིང་གི་ན་ཟུག་རོ།།ཁ་བའི་སྙིང་གཏམ་འོ།།
ཚིག་གསུམ་ཁེར་རྐྱང་ངོ་།།གསེར་གྱི་མེ་ཏོག་རོ།།

༢༠༡༣ ༨ ༢༧

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག