མདུན་ཤོག- རིག་གནས་འཚོ་བ།- བྱ་དགའ་ཡོད་པའི་རྩོམ་ཡིག- གླུ་ཚིག

ཨེ་མ་ཧོ།

རྩོམ་པ་པོ། བིས་མདོ་བ་ཆོས་སྐྱོང་།    2013-10-21 10:07

ཨེ་མ་ཧོ།ང་ཡི་ཕ་ཡུལ་ལ་བསོ།
སྒང་བ་བོད་ཀྱི་སྦྲ་ནག་གྲུ་བཞི།
འབྲོང་ཆུང་རྩེད་པའི་གཡག་གི་ཕ་ས།
འདོ་རིགས་རྐྱང་གི་འཚེར་སྐད་འཐུལ་ས།
རྫི་གླུ་སྙན་མོ་བསོརྟ་ནོར་ལུག་གསུམ་འཁྱིལ།
དཀར་ཡོལ་འབྲུག་རིས་ནང་འོ་ཇ་མངར་མོ་ལྡེམ།

ཨེ་མ་ཧོ།ང་ཡི་ཕ་ཡུལ་ལ་བསོ།
སྒང་བ་བོད་ཀྱི་ཞིང་ཆུང་གྲུ་བཞི།
འབྲུ་དྲུག་རྩེན་པའི་གཡང་གི་ཕ་ས།
ལོ་ལེགས་སྙེ་མའི་མགོ་བོ་ལྡེམ་ས།
ཞིང་ཆུང་གྲུ་བཞི་བསོ།གྲོ་ནས་སྲན་གསུམ་འཁྱིལ།
དཀར་ཡོལ་འབྲུག་རིས་ནང་ནས་ཆང་བསིལ་མ་ལྡེམ།

ཨེ་མ་ཧོ།ང་ཡི་ཕ་ཡུལ་ལ་བསོ།
སྒང་བ་བོད་ཀྱི་རོང་འབྲོག་ཕྱུག་མོ།
རྟ་ནོར་ལུག་གི་སྤྲིན་དཀར་རྒྱུ་ས།
གྲོ་ནས་སྲན་གྱི་གཙང་བོ་འཁྱིལ་ས།

རོང་འབྲོག་ཕྱུག་མོ་བསོ།བུ་དང་བུ་མོ་འཛུམ།
ཁ་བཏགས་དཀར་བོའི་སེམས་ཕ་སྐད་གཙང་མ་རྩེན།

༢༠༡༣ ༩ ༡༠

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག