མདུན་ཤོག- རིག་གནས་འཚོ་བ།- བྱ་དགའ་ཡོད་པའི་རྩོམ་ཡིག- གླུ་ཚིག

ཕ་ཡུལ་ལུང་བ།

རྩོམ་པ་པོ། ཨ་རྟ་མགྲིན་སྐྱབས།  ཡོང་ཁུངས། མཚོ་སྔོན་དགེ་ཐོན་སློབ་ཆེན།  2013-10-14 10:24

སྟོད་ན་གངས་རི་དཀར་པོའི་དབུ་འཕངས་མཐོ། །
བར་ན་ནགས་རི་ཕྱུག་མོའི་དབང་ཐང་རྒྱས། །
སྨད་ན་དྭངས་གཙང་ཆུ་མོའི་རབ་ཁ་ཡངས། །
ཕ་ཡུལ་ལུང་བ་གཙང་གསུམ་མདོ་ན་ཡོད། །

སྲིད་དོན་ཉི་མ་གཞོན་ནུའི་བཀྲག་མདངས་བཀྲ། །
འབྱོར་བའི་ཟླ་བ་ལྷ་མོའི་འཕྱོ་སྒེག་ངོམས། །
རིག་པའི་རྒྱུ་སྐར་མང་པོས་མཐའ་ནས་བསྐོར། །
ཕ་ཡུལ་ལུང་བ་བདེ་ལྡན་ཞིང་ན་ཡོད། །

གྲོ་ནས་སྲན་གསུམ་མགོ་ལྕོག་ལྡེམ་ཞིང་ལྡེམ། །
རྟ་ནོར་ལུག་གསུམ་འཕེལ་ཁ་ཡར་ནས་ཡར། །
སྲིད་འབྱོར་རིག་གསུམ་དར་བ་ཡར་ངོའི་ཟླ། །
ཕ་ཡུལ་ལུང་བ་བདེ་ཞིང་རྒྱས་པར་སྨོན། །

2013.8.24ཉིན།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག