མདུན་ཤོག- རིག་གནས་འཚོ་བ།- བྱ་དགའ་ཡོད་པའི་རྩོམ་ཡིག- གླུ་ཚིག

ཆུང་འདྲིས་བྱམས་པ།

རྩོམ་པ་པོ། ཨ་རྟ་མགྲིན་སྐྱབས།  ཡོང་ཁུངས། མཚོ་སྔོན་དགེ་ཐོན་སློབ་ཆེན།  2013-10-14 10:24

ཡ་ཆུང་སེམས་པ་དཀར་པོ། །
ཆུང་འདྲིས་བྱམས་པས་བརྐུས་ཡོད། །
བྱམས་པ་དུངས་པ་ཅན་པོ། །
སེམས་ཀྱི་དྲོད་ཐིག་ལོས་ཡིན། །

སེམས་དང་སེམས་པ་འདྲིས་ནས། །
མ་འོངས་འདུན་མ་གླེང་ཡོད། །
བརྩེ་དུངས་དར་གྱི་མདུད་པ། །
མི་བཀྲོལ་དམ་བཅའ་ལོས་འཇོག །

མྱི་ཁའི་ཚེར་མ་རྣོན་པོ། །
ཟུག་ཀྱང་ཚ་རྒྱུ་མི་འདུག །
བྱམས་པའི་སེམས་གཏམ་དྲོན་མོ། །
སེམས་ཀྱི་གཏིང་དུ་སྦས་ཡོད། །

ང་དང་ཆུང་འདྲིས་བྱམས་པ། །
མཚོ་ཁའི་མེ་ཏོག་ཆ་འགྲིག །
མཚོ་ལ་དར་ཁ་སྒྲིག་ན། །
ཞུ་བའི་སྨོན་ལམ་རྒྱག་ཡ། །

2013.8.18ཉིན།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག