མདུན་ཤོག- རིག་གནས་འཚོ་བ།- བྱ་དགའ་ཡོད་པའི་རྩོམ་ཡིག- གླུ་ཚིག

སྙིང་རེ་རྗེ།

རྩོམ་པ་པོ། ཨ་རྟ་མགྲིན་སྐྱབས།  ཡོང་ཁུངས། མཚོ་སྔོན་དགེ་ཐོན་སློབ་ཆེན།  2013-10-14 10:24

ཟླ་བདུན་པའི་ཡར་ངོ་ཚེས་དུས་ན།།
བྱ་ཁུ་ལོ་གྲག་ནོ་སྙིང་རེ་རྗེ།།
ནགས་ཙན་དན་བློས་ཀྱིས་མི་ཐུངས་དུས།།
གསུང་སྙན་མོ་ངག་ནས་མི་འཁྲོལ་དུས།།
བྱ་ཁུ་ལོ་མི་འཕུར་དབང་མེད་ཡིན།།

སྐྱ་ས་ལེ་ནམ་མཁའ་ལངས་དུས་ན།།
འབྲི་ཐུལ་མ་ངུར་ནོ་སྙིང་རེ་རྗེ།།
རྩྭ་རམ་དཀར་སོ་ཡིས་མི་ཟིན་དུས།།
མགོ་བེའུ་རྭ་ལྡེམ་མེ་འདར་ཡོང་དུས།།
འབྲི་ཐུལ་མ་རྡང་གི་མཐའ་ན་ཡོད།།

ནག་འཐིབས་བེ་མུན་པ་རུབ་དུས་ན།།
ཡུལ་ཕ་མ་ངུས་ནོ་སྙིང་རེ་རྗེ།།
ཟས་ཞིམ་པོ་ཟ་ཁོམ་མ་བྱུང་དུས།།
གོས་ཡག་པ་གོན་ཕོད་མ་ཆོད་དུས།།
ཡུལ་ཕ་མ་ལ་ཁའི་ཉི་མ་ཡིན།།

2013.8.25ཉིན།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག