མདུན་ཤོག- རིག་གནས་འཚོ་བ།- བྱ་དགའ་ཡོད་པའི་རྩོམ་ཡིག- གླུ་ཚིག

སྟག་ཤ་ར་རྫ་ཁའི་འབྲོང་ལོ་ཡིན།

རྩོམ་པ་པོ། ཨ་རྟ་མགྲིན་སྐྱབས།  ཡོང་ཁུངས། མཚོ་སྔོན་དགེ་ཐོན་སློབ་ཆེན།  2013-10-12 10:25

སྟག་ཤ་ར་རྫ་ཁའི་འབྲོང་ལོ་ཡིན། །
འབྲོང་བྲེ་ལོ་རྫ་རི་བརྒྱུད་དུས་སུ། །
རྩྭ་རྩི་ཏོག་འཛོམས་ན་སྐྱིད་རེ་ཡོད། །
ཆར་ཟམ་ཟིམ་བབས་ན་ཉམས་རེ་དགའ། །

སྨན་བུ་མོ་མཚོ་ཁའི་མེ་ཏོག་ཡིན། །
དབྱར་མེ་ཏོག་ཁྲ་ལེར་འཛུམ་དུས་སུ། །
འབུ་སྦྲང་མ་འཁོར་ན་སྐྱིད་རེ་ཡོད། །
རླུང་སེར་བུ་གཡུགས་ན་ཉམས་རེ་དགའ། །

བན་སེར་མོ་ནགས་རའི་ཁུ་ཡུག་ཡིན། །
བྱ་ཁུ་ཡུག་མོན་ལ་འཕུར་དུས་སུ། །
འཇའ་འོད་གུར་ཕུབ་ན་སྐྱིད་རེ་ཡོད། །
གསུང་སྙན་མོ་སྒྲོག་ན་ཉམས་རེ་དགའ། །

2013.5.2ཉིན།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག