མདུན་ཤོག- རིག་གནས་འཚོ་བ།- བྱ་དགའ་ཡོད་པའི་རྩོམ་ཡིག- གླུ་ཚིག

སྙིང་གི་ཚི་ལུ།

རྩོམ་པ་པོ། ཨ་རྟ་མགྲིན་སྐྱབས།  ཡོང་ཁུངས། མཚོ་སྔོན་དགེ་ཐོན་སློབ་ཆེན།  2013-10-12 10:25

ང་དང་སྐྱེ་རྒུའི་བུ་མོ། །
ལྔ་རིག་གླིང་དུ་འཛོམས་སོང་། །
ལོ་དང་ཟླ་བའི་གསེབ་ནས། །
སེམས་དང་སེམས་པ་འདྲེས་ཡོད། །
བརྩེ་དུངས་དར་གྱི་མདུད་པ། །
མི་དཀྲོལ་དམ་བཅའ་བཞག་ཡོད། །
ཨོ། སྐྱེ་རྒུའི་བུ་མོ།
ཨ། ང་ཡི་སྙིང་གི་ཚི་ལུ།

ང་དང་སྐྱེ་རྒུའི་བུ་ཆུང་། །
བདེ་ལྡན་གླིང་དུ་འཛོམས་སོང་། །
ཆར་དང་སེར་བུའི་ངོགས་ནས། །
བརྩེ་བའི་སྙིང་གཏམ་གླེང་ཡོད། །
ཡ་ཆུང་སེམས་པ་གླན་ནས། །
མི་ཚེའི་འདུན་མ་བཅོལ་ཡོད། །
ཨོ། སྐྱེ་རྒུའི་བུ་ཆུང་།
ཨ། ང་ཡི་སྙིང་གི་ཚི་ལུ།

ང་དང་སྐྱེ་རྒུའི་བུ་མོ༼ བུ་ཆུང ༽། །

བསིལ་ལྡན་ཡུལ་ལ་འཛོམས་ཡོད། །
མཚོ་བྱ་ངང་བ་སེར་བོ། །
མཚོ་ཆུང་ཡིད་བཞིན་ནོར་བུ། །
ཚེ་སྔོན་ལས་འབྲས་ཡོད་ན། །
མཚོ་ཁ་གཅིག་ལ་འཁོར་ཤོག །
ཨོ། སྐྱེ་རྒུའི་བུ་མོ༼ བུ་ཆུང ༽།
ཨ། ང་ཡི་སྙིང་གི་ཚི་ལུ།

2013.6.6ཉིན།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག