མདུན་ཤོག- རིག་གནས་འཚོ་བ།- བྱ་དགའ་ཡོད་པའི་རྩོམ་ཡིག- གླུ་ཚིག

འཛུམ་ཆུང་སྒྲོན་དཀར།

རྩོམ་པ་པོ། བིས་མདོ་བ་ཆོས་སྐྱོང་།    2013-10-12 10:15

འཛུམ་ཆུང་སྒྲོན་དཀར་གཞས་ཡིན།།
གཞས་ཆུང་སྙིང་གི་ཚིག་ཡིན།།
ཚིག་གསུམ་འཛུམ་པའི་གདངས་ཡིན།།
གདངས་དབྱངས་སྙན་མོའི་སེམས་ཡིན།།

འཛུམ་ཆུང་སྒྲོན་དཀར་བྲོ་ཡིན།།
བྲོ་ར་ཕྲ་མོའི་བློ་ཡིན།།
བློ་སེམས་དུང་སའི་གཞི་ཡིན།།
སྟངས་སྟབས་བདེ་མོའི་རྒྱན་ཡིན།།

འཛུམ་ཆུང་སྒྲོན་དཀར་སེམས་ཡིན།།
སེམས་པ་དམར་བོའི་སྙིང་ཡིན།།
སྙིང་ཆུང་ལུ་གུའི་སྲོག་ཡིན།།
སེམས་རྩ་དམར་བོའི་མདངས་ཡིན།།

འཛུམ་ཆུང་སྒྲོན་དཀར་མྱི་ཡིན།།
མྱི་སེམས་སྒུལ་བའི་འདང་ཡིན།།
ཞེ་འདང་ཤོར་སའི་གཞི་ཡིན།།
ཁ་ཁོག་བྱོ་སའི་རུམ་ཡིན།།

༢༠༡༣ ༡༠ ༧

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག