མདུན་ཤོག- རིག་གནས་འཚོ་བ།- བྱ་དགའ་ཡོད་པའི་རྩོམ་ཡིག- འཕྲིན་ཐུང་།

གྱང་ཆག

རྩོམ་པ་པོ། ས་དཀྱིལ་ཚེ་བཀྲ།    2013-10-09 14:45

    གྱང་ཆག་གི་རྩྭ་གསེབ་ཏུ་འཐིམ་པའི་རྐང་རྗེས་ལེབ་མོ་དག་སུ་ཞིག་གི་ཡིད་ལ་བརྣག་པའི་རྫ་བུམ་སེར་པོ་དེ་ཡིན།སྔ་མོ་ནས་ངག་སྒྲོས་ལ་བཙའ་ཆགས་པས་ལན་ནམ། སྤྲིན་དཀར་འགྱུ་བའི་མེ་ལོང་དེ་རབ་རིབ་ནས་མག་མོག་ཏུ་མི་སྐད་སྨྲ་བའི་ལྡེབས་རིས་ཤིག་ཏུ་གྱུར་རྗེས། གྱང་ཆག་གི་མཁར་རྟིང་བསློགས་ནས་བུ་ལོན་འཚོལ་མཁན་མང་པོ་བྱུང་།

    རྨི་ལམ་དུ་གྱང་ཆག་གི་སྔ་རོལ་ནི་ཤིང་ཁང་གྲུ་བཞི་ཞིག་ཡིན་ཚོད་འདུག གཡང་གི་སྒོ་བཞི་གདངས་ལ་བཏགས་པའི་ཤིང་ཁང་གྲུ་བཞི་ཞིག་ཡིན་ཚོད་འདུག དེ་དུས་ཁེར་རྐྱང་གི་གནས་མལ་འཚོལ་བའི་བྱིའུ་ཆུང་ཞིག་གིས་ངག་གི་སྒོ་མོ་ཡོངས་སུ་ཕྱེས་ཏེ་ཆུ་ནི་སྔོ་ལྗང་དང་། ཆུ་ནི་ཚེ་སྲོག་ཡིན་པའི་བདེན་ལུགས་གྱེར་ཡོད་ཀྱང་སྲིད།

    གང་ལྟར། ཤིང་ལོ་ཞིག་ས་ལ་ཟགས་པ་དེས་རྩྭ་ཟིལ་གྱི་ཉམ་ང་ཚོར་འོངས་ཏེ། དུས་ཚོད་ནི་ཆུ་མོ་དང་། འདས་དོན་ནི་ལོ་རྒྱུས་ཡིན་པས་ན་གྱང་ཆག་ལ་དོ་སྣང་བྱེད་མཁན་མང་པོ་འདུག

    དེ་ནི་ཕ་མེས་ཡང་མེས་དག་གིས་ཚེ་རབས་ནས་ཚེ་རབས་སུ་བཤད་མ་ཚར་བའི་གཏམ་རྒྱུད་སྔོན་པོ་ཞིག་གམ། ཡང་ན། བྲིས་མ་ཚར་བའི་བརྩམས་སྒྲུང་རིང་མོ་ཞིག

    2011.8.30མཚན་མོར།        

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག