མདུན་ཤོག- རིག་གནས་འཚོ་བ།- རིག་གནས་འགྱུར་སྟངས།

ད་ལོའི་ཡར་ཀླུང་རིག་གནས་དུས་ཆེན་གྱི་ཚོང་འགུག་མཆན་འགོད་མ་དངུལ་སྒོར་ཁྲི་ཚོ1000ལས་བརྒལ་བ།

  ཡོང་ཁུངས། བོད་ལྗོངས་རླུང་འཕྲིན།  2012-07-23 10:05

 གསར་འགོད་པས2012ལོའི་ཀྲུང་གོའི་བོད་ལྗོངས་ཡར་ཀླུང་རིག་གནས་དུས་ཆེན་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་བར་རིག་གནས་དུས་ཆེན་གྱི་ཚོང་འགུག་མཆན་འགོད་མ་དངུལ་སྒོར་ཁྲི་ཚོ1000ལས་བརྒལ་བ་དང་། རིག་གནས་དུས་ཆེན་གྱི་གྲ་སྒྲིག་ལས་ཀ་རྒྱུན་གཏན་བཞིན་སྤེལ་རྒྱུར་འགན་སྲུང་ནུས་ལྡན་ཐུབ་ཡོད་པ་རེད།
   2012ལོའི་ཀྲུང་གོའི་བོད་ལྗོངས་ཡར་ཀླུང་རིག་གནས་དུས་ཆེན་གྱི་སྤྱི་ཟླ8པའི་ཚེས15 ནས21ཉིན་བར་གཅིག་བསྡུས་ཐོག་འགོ་ཚུགས་མཛད་སྒོ་དང་དཔལ་འབྱོར་ཉོ་ཚོང་གི་ངོ་འཕྲད་གྲོས་མོལ། བརྗོད་དོན་གཙོ་བོའི་གླེང་སྟེགས་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུའི་འཆར་གཞི་ཡོད་པ་དང་། སྤྱི་ཟླ 7པའི་ཚེས6ཉིན་ཡར་ཀླུང་རིག་གནས་དུས་ཆེན་གྱི་ཚོང་འགུག་རོགས་སྐྱོར་བྱེད་སྒོའི་སྐུལ་སློང་ཚོགས་ཆེན་ཚོགས་ཚུན། ས་ཁུལ་དེའི་ཚོང་འགུག་མ་འདྲེན་ཁེ་ལས་དང་ས་ཁུལ་གཞུང་ཁོངས་ཁེ་ལས། འཛུགས་སྐྲུན་ཁེ་ལས། དེ་བཞིན་ཀྲུང་དབྱང་ཐད་གཏོགས་དང་ལྗོངས་ཐད་གཏོགས་གཞུང་ཁོངས་ཁེ་ལས་སོགས་ཁེ་ལས50ལྷག་ཙམ་ཚང་ཁ་ཤིག་ཤིག་ངང་རོགས་སྐྱོར་ནང་ཞུགས་ཡོད་པ་དང༌། ད་བར་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གིས་མཆན་འགོད་བྱས་པའི་རོགས་སྐྱོར་མ་དངུལ་སྒོར་ཁྲི་ཚོ 1000ལྷག་ཙམ་ཟིན་ཡོད་པ་རེད།།