མདུན་ཤོག- རིག་གནས་འཚོ་བ།- རིག་གནས་འགྱུར་སྟངས།

《བོད་ལྗོངས་རིག་གནས་ཀུན་འདུས་ཀྱི་ལྷ་སའི་ལེའུ་》འགྲེམ་སྤེལ་བྱེད་ལ་ཉེ།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།   2012-07-23 09:49

ཟླ7པའི་ཚེས17ཉིན། བོད་ལྗོངས་རིག་གནས་ཀུན་འདུས་ཀྱི་ལྷ་སའི་ལེའུ་ཞེས་པར་ཆེས་མཐའ་འཇུག་གི་ཞིབ་བཤེར་ལྟ་ཀློག་གནང་བ་རེད། དཔེ་དེབ་ནི2004ལོ་ནས་ཇུས་འགོད་བྱས་ཤིང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་དང་ཅིན་ཧྭ་དཔེ་སྐྲུན་ཁང་ཚད་ཡོད་ཀུང་ཟི་གཉིས་ཀྱིས་མཉམ་དུ་བསྐྲུན་པ་རེད།
  《བོད་ལྗོངས་རིག་གནས་ཀུན་འདུས་དཔེ་དེབ་ཀྱི་ལྷ་སའི་པོ་ཏིནི་ཀྲུང་གོའི་མི་རིགས་རང་སྐྱོང་ལྗོངས་སྲིད་གཞུང་སྡོད་གནས་ངོ་སྤྲོད་བྱེད་པའི་ཀུན་འདུས་དཔེ་དེབ་ཐོག་མ་ཡིན་ཞིང་། བོད་ལྗོངས་ཀྱི་ས་གནས་མུ་འབྲེལ་ཀུན་འདུས་དཔེ་དེབ་ཁྲོད་ཀྱི་ཁག་ཅིག་ཀྱང་ཡིན་པ་རེད། དཔེ་དེབ་འདིའི་རྒྱུ་ཆ་ནི་གཙོ་བོབོད་ལྗོངས་རིག་གནས་ཀུན་འདུས་དཔེ་དེབདང་། ལྷ་སའི་གནས་བཤད། དེ་མིན་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཁག་གིས་འདོན་སྤྲོད་བྱས་པའི་རྒྱུ་ཆ་དག་ཡིན།
  མཚམས་སྦྱོར་བྱས་པ་ལྟར་ན། བོད་ལྗོངས་རིག་གནས་ཀུན་འདུས་དཔེ་དེབ་ཀྱི་ལྷ་སའི་ལེའུ་ཡི་རྩོམ་སྒྲིག་བྱ་བ་ནི2004ལོ་ནས་ཇུས་འགོད་བྱེད་མགོ་བརྩམས་ཤིང་། སྔ་གཞུག་ཏུ་ཐེངས་ལྔ་ལ་ཞུ་དག་བྱས། རྩོམ་སྒྲིག་ཁང་གིས་ལྷ་སའི་ཐད་ཀྱི་མ་ཡིག་ཞུ་དག་གི་བསམ་འཆར་བཏོན་པའི་རྨང་གཞིའི་ཐོག དཔེ་དེབ་ཡོངས་ཀྱི་མི་མིང་དང་ས་མིང་སོགས་ལ་གཅིག་གྱུར་བྱས་པ་རེད།
  《བོད་ལྗོངས་རིག་གནས་ཀུན་འདུས་དཔེ་དེབ་ཀྱི་ལྷ་སའི་ལེའུ་ཡི་ནང་དོན་ལ་ལོ་རྒྱུས་དང་། རང་བྱུང་ས་རྒྱུས། ས་མིང་སོ་སོ། སྲིད་གཞུང་སྤྱི་ཚོགས། དཔལ་འབྱོར། ཚན་སློབ་རིག་གསུམ། རིག་དངོས་དང་གནའ་ཤུལ་གྲགས་ཅན། ཕྱོགས་བསྡུས་བཅས་ཁག་བརྒྱད་དུ་ཕྱེ་ཡོད།