མདུན་ཤོག- རིག་གནས་འཚོ་བ།- རིག་གནས་འགྱུར་སྟངས།

མི་རིགས་སློབ་ཆེན་གྱི་བསླབ་གཞི་གཉིས་རྒྱལ་ཁབ་གཅེས་ནོར་སྤྱི་སྦྱོང་བསླབ་གཞིར་ཚུད་པ།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2012-06-04 09:49

        ཉེ་ལམ། 1012ལོའི་རྒྱལ་ཁབ་གཅེས་ནོར་བརྙན་གཟུགས་སྤྱི་སྦྱོང་བསླབ་གཞི་འཛུགས་སྐྲུན་དངོས་སུ་འགོ་བརྩམས་ཤིང་། སློབ་གསོ་པུས༢༠༡༢ལོའི་གཅེས་ནོར་བརྙན་གཟུགས་སྤྱི་སྦྱོང་བསླབ་གཞིའི་སྐབས་དང་པོའི་བསླབ་གཞི་སྦྱོང་ཚན་འཛུགས་སྐྲུན་མིང་ཐོ་ཁྱབ་བསྒྲགས་བྱས། ནུབ་བྱང་མི་རིགས་སློབ་ཆེན་གྱི་སྦྱོང་ཚན་ཁ་བྱངབོད་ཀྱི་དམངས་ཁྲོད་རྩོམ་རིགགཙོ་ཁྲིད་དགེ་རྒན། པདྨ་དབང་ཆེན་དང་རྒྱལ་མཚན་ཚེ་རིང་སོགས་ཡིན། མཚོ་སྔོན་མི་རིགས་སློབ་ཆེན་གྱི་སྦྱོང་ཚན་ཁ་བྱངབོད་ཀྱི་རྩོམ་རིག་ལོ་རྒྱུས། ཐུ་བྷོད་རྩོམ་རིགགཙོ་ཁྲིད་དགེ་རྒན། རྟ་མགྲིན་དང་བུ་བཞི་སོགས་ཡིནབཅས་སྦྱོང་ཚན་བསླབ་གཞི་གཉིས་དེའི་གྲས་སུ་ཚུད་པ་རེད།
        དེ་མིན་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སྦྱོང་ཚན་ཁ་བྱངམཛེས་རྩལ་རིག་པའི་འཆད་ཁྲིད་བཅུགཙོ་ཁྲིད་དགེ་རྒན། ཀྲོའོ་ཧྲི་ལིན་ཡིནསོགས་སྦྱོང་ཚན་གཉིས་དང་། ས་གནས་མི་རིགས་མཐོ་རིམ་སློབ་ཆེན་ཏེ་ཀོང་ཞི་མི་རིགས་སློབ་ཆེན་གྱི་སྦྱོང་ཚན་ཁ་བྱངམི་རིགས་གནད་དོན་དང་འཆམ་མཐུན་འཕེལ་རྒྱསསོགས་སྦྱོང་ཚན་གསུམ་བཅས་ཀྱང2012ལོའི་སྐབས་དང་པོའི་གཅེས་ནོར་བརྙན་གཟུགས་སྤྱི་སྦྱོང་བསླབ་གཞི་འཛུགས་སྐྲུན་འཆར་འགོད་དུ་ཚུད།
     གཅེས་ནོར་བརྙན་གཟུགས་སྤྱི་སྦྱོང་བསླབ་གཞི་ནི་རྒྱལ་ཁབ་ཀྱི་གཅེས་ནོར་སྤྱི་སྦྱོང་བསླབ་གཞིའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། མཐོ་རིམ་སློབ་ཆེན་གྱི་སློབ་མར་ཞབས་ཞུ་སྒྲུབ་པ་དམིགས་སུ་བཟུང་སྟེ་ཀྲུང་གོའི་སློབ་ཆེན་བརྙན་གཟུགས་སྤྱི་སྦྱོང་བསླབ་གཞིའི་རྣམ་པསབསླབ་གཞིར་མོས་པཞེས་པའི་དྲ་བ་དང་དེའི་མཉམ་འབྲེལ་དྲ་བ་སོགས་སུ་སྟོན་པ་མ་ཟད། དེ་ནི་སྤྱི་ཚོགས་ཀྱི་སྤྱི་དམངས་ཡོངས་ལ་ཁ་གཏད་པའི་ཚན་རིག་དང་རིག་གནས་སྤུས་ཚད་སློབ་གསོའི་དྲ་རྒྱའི་བརྙན་གཟུགས་བསླབ་གཞི་དང་རིག་གཞུང་གླེང་རྟགས་ཤིག་ཏུ་ངེས།།