མདུན་ཤོག- རིག་གནས་འཚོ་བ།- རིག་གནས་འགྱུར་སྟངས།

ཆུ་གསུམ་རྫོང་དུ་སློབ་མའི་ལག་བཟོའི་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་སྐབས་དང་པོ་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2012-06-01 09:49

ཟླ5བའི་ཚེས25ཉིན། སློབ་མ་རྣམས་ཀྱི་གསར་གཏོད་ནུས་པ་མཐོར་འདེགས་དང་སློབ་སྦྱོང་གི་སྤྲོ་བ་བསྐྱེད་པར་དམིགས་ནས་ལྷོ་ཁ་ས་ཁུལ་ཆུ་གསུམ་རྫོང་གིས་སློབ་མའི་ལག་བཟོའི་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་སྐབས་དང་པོ་བསྡུས་པ་རེད།
  འགྲེམ་སྟོན་སྟེང་བཤམས་པའི་ལག་བཟོའི་སྒྱུ་རྩལ་བརྩམས་ཆོས་དེ་དག་གིས་གཙོ་བོ་བོད་མི་རིགས་ཀྱི་དམངས་ཁྲོད་ལག་བཟོའི་སྒྱུ་རྩལ་མངོན་མཚོན་བྱས་ཡོད་པ་སྟེ། ཐང་ག་དང་། བོད་ལུགས་ཁ་གདན། བོད་ལུགས་ཁྱིམ་ཆས་སོགས་ཡོད་པ་རེད། ལག་བཟོའི་སྒྱུ་རྩལ་བརྩམས་ཆོས་འདི་དག་ནི་སློབ་མ་རྣམས་ཀྱི་དཀའ་སྤྱད་སྡུག་རུས་ཀྱི་བརྩོན་སེམས་དང་ངལ་བའི་རྔུལ་ཆུའི་ཟེགས་མ་རེ་རེ་ལས་གྲུབ་ཅིང་། དགེ་རྒན་དང་ཁྱིམ་བདག་རྣམས་ཀྱིས་སློབ་བུ་རྣམས་ལ་བཅངས་པའི་རེ་སྙེག་ཀྱང་མཚོན་ཡོད།

  ཐེངས་འདིའི་ལག་བཟོའི་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་བརྒྱུད་སློབ་མ་ཚོའི་སློབ་སྦྱོང་གི་སྤྲོ་བ་ཆེས་ཆེར་བསྐྱེད་པར་མ་ཟད། ཁོང་ཚོའི་གསར་གཏོད་ནུས་པ་དང་ལག་རྩལ་མཐོར་འདེགས། སློབ་རའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་རེད།།