མདུན་ཤོག- རིག་གནས་འཚོ་བ།- རིག་གནས་འགྱུར་སྟངས།

མཚོ་སྔོན་མི་རིགས་སློབ་ཆེན་དུ་མདོ་དབུས་མཐོ་སྒང་མི་རིགས་ཞིབ་འཇུག་རྟེན་གཞི་བཙུགས་པ།

  ཡོང་ཁུངས། མཚོ་སྔོན་པོའི་དྲ་བ།    2012-05-22 10:59

ཟླ5བའི19ཉིན། མདོ་དབུས་མཐོ་སྒང་མི་རིགས་ཞིབ་འཇུག་རྟེན་གཞི་དེ་མཚོ་སྔོན་མི་རིགས་སློབ་ཆེན་དུ་བཙུགས་ཡོད་ལ།  རྟེན་གཞི་དེར་མི་རིགས་ཞིབ་འཇུག་དང་། མི་རིགས་རིག་གནས་དར་སྤེལ། མི་རིགས་ཀྱི་མི་སྣ་འཇོན་ཐང་ཅན་སྐྱེད་སྲིང་བྱེད་པ་བཅས་ཀྱི་དགེ་མཚན་ལྡན་ཡོད་པ་རེད།
  མདོ་དབུས་མཐོ་སྒང་ནི་རང་རྒྱལ་དུ་རང་བྱུང་གི་ཁམས་དང་རིག་གནས་ཀྱི་ཁམས་ཕུན་སུམ་ཚོགས་པའི་ཡུལ་ཁོངས་ཤིག་ཡིན་ཞིང་། མདོ་དབུས་མཐོ་སྒང་མི་རིགས་ཞིབ་འཇུག་རྟེན་གཞི་ནི་རྒྱལ་ཁབ་མི་རིགས་ཆོས་དོན་ཨུ་ཡོན་ལྷན་ཁང་གིས་གཏན་འབེབས་བྱས་པའི་མི་ཆོས་སྤྱི་ཚོགས་རང་བཞིན་གྱི་ཚན་རིག་ཞིབ་འཇུག་རྟེན་གཞི་གཙོ་བོ༡༣ཡོད་པའི་གྲས་སུ་ཡོད་པར་མ་ཟད། རྒྱལ་ཁབ་ཀྱི་འཐབ་ཇུས་ཞབས་ཞུར་དམིགས་ནས་བཙུགས་པའི་མི་ཆོས་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གི་སྟེགས་བུ་ཞིག་ཀྱང་ཡིན། རྟེན་གཞི་དེ་བཙུགས་རྗེས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་དང་། ལོ་རྒྱུས་ཆོས་ལུགས། མི་རིགས་འབྲེལ་བ་སོགས་ཀྱི་ཐད་ཞིབ་འཇུག་བྱེད་རྒྱུ་ཡིན་ཞིང་། རྒྱལ་ཁབ་ཕྱི་ནང་དང་མཉམ་འབྲེལ་བྱས་ནས་གྲངས་ཉུང་མི་རིགས་ཀྱི་མི་སྣ་འཇོན་ཐང་ཅན་སྐྱེད་སྲིང་དང་། མི་རིགས་སོ་སོའི་ཕུལ་བྱུང་རིག་གནས་འཛིན་སྤེལ་བྱེད་པ། དེ་མིན་གྲངས་ཉུང་མི་རིགས་ས་ཁུལ་དང་མི་རིགས་ས་གནས་ཀྱི་འཕེལ་རྒྱས་ལ་ཞབས་ཞུ་གང་ལེགས་སྒྲུབ་རྒྱུ་རེད།

  མཚོ་སྔོན་མི་རིགས་སློབ་ཆེན་མི་རིགས་ཞིབ་འཇུག་ཁང་ནི1980ལོར་བཙུགས་པ་ཡིན་ལ། མདོ་དབུས་མཐོ་སྒང་གི་སྲིད་འབྱོར་རིག་གསུམ་ལ་ཞིབ་འཇུག་བྱས་ནས་ཚར་དུ་དངར་བའི་གྲུབ་འབྲས་བླངས་པས། མདོ་དབུས་མཐོ་སྒང་གི་མི་རིགས་ཆོས་ལུགས་གནད་དོན་ཁག་ཞིབ་འཇུག་བྱེད་པའི་རིག་པའི་འབྱུང་ཁུངས་དང་བསམ་བློའི་བང་མཛོད་ཅིག་ཏུ་གྱུར་ཡོད།།