མདུན་ཤོག- རིག་གནས་འཚོ་བ།- རིག་གནས་འགྱུར་སྟངས།

བོད་བརྒྱུད་ནང་བསྟན་གྱི་སྐྱེས་ཆེན་དམ་པས་དམ་པའི་ཆོས་ལུགས་ཁྲོད་ཀྱི་ལེགས་ཆ་ལ་བརྟེན་ནས་སྤྱི་ཚོགས་ལ་ཞབས་ཞུ་བསྒྲུབ་དགོས་པར་གདམས་པ།

  ཡོང་ཁུངས། ཀྲུང་གོའོ་བོད་ལྗོངས་དྲ་བ།  2012-05-03 11:24

    མི་སྔར།   བོད་ལྗོངས་ཀྱི་དགེ་ལུགས་པའི་སྐྱེ་ཆེན་དམ་པ་གསུམ་གྱི་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི་བགྲོ་གླེང་དགའ་ཚལ་ལེ་ཚན་གྱི་ཆེད་དོན་བཅར་འདྲི་དང་ལེན་གནང་སྐབས་གསུངས་དོན།    རྒྱ་ཆེའི་བཙུན་པ་ཕོ་མོ་དད་ལྡན་མང་ཚོགས་ཀྱི་བོད་རྒྱུད་ནང་བསྟན་གྱི་རིམ་བྱུང་སྐྱེ་ཆེན་དམ་པ་རྣམས་ཀྱིརྒྱལ་གཅེས་ཆོས་གཅེས།   སྡིག་སྤོང་དགེ་སྒྲུབ།   འཆམ་མཐུན་ཡི་རང།  ཞི་བདེ་ཡོང་བར་སྨོན་ཡི་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་དང་རྒྱུན་འཁྱོངས་བྱས་ནས་རང་འགུལ་ངང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་ལ་སྲུང་བརྩི་ཞུས་ནས་སྤྱི་ཚོགས་འཆམ་མཐུན་ཡོང་བར་སྐུལ་འདེད་བྱེད་པར་ཧུར་བརྩོན་ཆེན་པོས་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད།

    བོད་རང་སྐྱོང་ལྗོངས་ཆབ་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།   ཆབ་མདོ་བྱམས་པ་གླིང་དགོན་པ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་སྤྲུལ་སྐུ་རྫོང་བློ་བྱམས་པ་མཁས་གྲུབ་ཀྱིས་གསུངས་པར།   བོད་རྒྱུད་ནང་བསྟན་ཀྱིས་ཚུལ་ཁྲིམས་རྩ་བར་འཛིན་པ་དང་།  ནན་ཏན་ངང་ཚུལ་ཁྲིམས་སྲུང་བ་ནི་གྲྭ་བཙུན་ཚང་མས་ངེས་པར་དུ་བརྩི་སྲུང་བྱེད་པའི་ཚད་གཞི་ཡིན།   རབ་བྱུང་པ་ཞིག་ཡིན་པའི་ངོས་ནས།  ནན་ཏན་ངང་ཚུལ་ཁྲིམས་སྲུང་དགོས་པ་མ་ཟད་རང་འགུལ་ངང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་དགོས།

    བོད་ལྗོངས་ནང་བསྟན་སློབ་གླིང་གི་དབུ་མཛད།  བཀྲས་ལྷུན་དགོན་གྱི་མཁན་པོ།  བཀའ་ཆེན་བློ་བཟང་ཕུན་ཚོགས་ཀྱིས་པན་ཆེན་སྐུ་ཕྲེང་བཅུ་པའི་བཀའ་སློབ་དང་ཟུང་འབྲེལ་གནང་ནས་གསུངས་པར།   གྲྭ་བཙུན་གྱིས་ཚུལ་ཁྲིམས་ཡག་པོ་སྲུང་དགོས་པ་མ་ཟད་ད་དུང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་ལ་སྲུང་བརྩི་ལེགས་པོ་བྱས་ནས་པན་ཆེན་སྐུ་ཕྲེང་བཅུ་པས་གསུངས་པ་ཇི་བཞིན་དགོན་སྡེ་དགོན་སྡེ་འདྲ་བ་དང་གྲྭ་བཙུན་གྲྭ་བཙུན་འདྲ་བ་བྱེད་དགོས་ཞེས་གསུངས་པ་རེད།

    བོད་ལྗོངས་ནང་བསྟན་སློབ་གླིང་དང་སེ་ར་དགོན་གྱི་དབུ་མཛད་བཀྲ་ཤིས་རྒྱལ་མཚན་གྱི་བགྲོ་གླེང་སྐབས་སྲོལ་རྒྱུན་རྒྱུན་འཛིན་གྱི་མཚན་ཉིད་སློབ་པའི་རྨང་གཞིའི་སྟེང་དེང་རབས་ན་རིག་དོ་དམ་དང་སློབ་ཁྲིད་བྱ་ཐབས་ཀྱི་ལེགས་ཆ་བསྡུ་ལེན་བྱས་ནས་མཚན་ཉིད་སློབ་པའི་ལམ་ལུགས་ཚད་ལྡན་རང་བཞིན་དང་དེང་རབས་ཅན་གྱི་ལམ་བུར་བསྐྱོད་པའི་ཉམས་མྱོང་ངོ་སྤྲོད་གནང་བ་རེད།

    སྤྲུལ་སྐུ་སྐྱེས་ཆེན་དམ་པ་གསུམ་གྱིས་བོད་བརྒྱུད་ནང་བསྟན་གྱི་དམ་པའི་ཆོས་ལུགས་ཁྲོད་ཀྱི་ལེགས་ཆ་ལ་བརྟེན་ནས་སྤྱི་ཚོགས་ལ་ཞབས་ཞུ་བསྒྲུབ་དགོས་ཞེས་གསུངས་པ་རེད། །