མདུན་ཤོག- རིག་གནས་འཚོ་བ།- རིག་གནས་འགྱུར་སྟངས།

“ལྷ་སའི་ལག་ཐོགས་ཁ་པར་གྱི་གསར་འགྱུར”དངོས་སུ་ཤར་གཏོང་བྱུང་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2012-04-25 10:57

   ལྷ་ས་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་ཀྲུང་གོ་གློག་འཕྲིན་ལྷ་ས་ཡན་ལག་ཀུང་སིས་ཐུན་མོང་ཐོག་གཉེར་གནང་བའིལྷ་སའི་ལག་ཐོགས་ཁ་པར་གྱི་གསར་འགྱུརཞེས་པ་དེ་སྤྱི་ཟླ4པའི་ཚེས21ཉིན་དངོས་སུ་ཤར་གཏོང་ཐུབ་ཡོད་པ་རེད།
     རྒྱུས་ལོན་བྱུང་པར་གཞིགས་ན།ལྷ་སའི་ལག་ཐོགས་ཁ་པར་གྱི་གསར་འགྱུརཞེས་པའི་རྣམ་གྲངས་དེ་དབྱི་ཏུང་དྲ་བའི་༣Gགཙོ་བོར་བཟུང་ནས་གློག་འཕྲིན་བེད་སྤྱོད་གཏོང་མཁན་དག་ལ་གསར་འགྱུར་དང་།རྩེད་འཇོ།འཚོ་བ་སོགས་ཀྱི་བརྡ་འཕྲིན་གྱི་ཞབས་ཞུ་སྣ་ཚོགས་མཁོ་འདོན་བྱེད་རྒྱུ་ཡིན་པ་རེད།དེས་མང་ཚོགས་ཀྱི་རང་གཤིས་དང་གཏན་འཁེལ་རང་བཞིན་གྱི་གསར་འགྱུར་ཆ་འཕྲིན་སོགས་ཀྱི་འདོད་བློ་སྐོང་ཐུབ་ཀྱི་ཡོད།
 
ལྷ་སའི་ལག་ཐོགས་ཁ་པར་གྱི་གསར་འགྱུར་ཤར་གཏོང་ཐུབ་པ་བྱུང་བ་དེས་གསར་འགྱུར་བརྒྱུད་བསྒྲགས་ཀྱི་རྣམ་པར་འཕོ་འགྱུར་ཕྱིན་ནས་སྲོལ་རྒྱུན་གྱི་གསར་འགྱུར་གླེང་ཕྱོགས་ལ་གསར་འཕེལ་གྱི་སྣེ་ཁྲིད་ནུས་པ་ཐོན་ཐུབ་རྒྱུ་ཡིན་པ་རེད།