མདུན་ཤོག- རིག་གནས་འཚོ་བ།- རིག་གནས་འགྱུར་སྟངས།

བོད་ལྗོངས་ཀྱིས་སྐབས་དང་པོའི“རྒྱལ་བ་ཚངས་དབྱང་རྒྱ་མཚོའི་མགུར་གླུའི་རིག་གནས་ཡུལ་སྐོར་དུས་ཆེན”གྱི་བྱེད་སྒོ་སྤེལ་རྒྱུ་ཡིན་པ།

  ཡོང་ཁུངས། ཤིན་ཧྭ་དྲ་བ།   2012-04-25 10:55

    འདི་ལོའི་སྤྱི་ཟླ5པའི་ཚེས1ཉིན་ནས་ཚེས4ཉིན་བར་བོད་ལྗོངས་ཀྱིས་སྐབས་དང་པོའི་རྒྱལ་བ་ཚངས་དབྱང་རྒྱ་མཚོའི་མགུར་གླུའི་རིག་གནས་ཡུལ་སྐོར་དུས་ཆེན་དེ་རྒྱལ་བ་ཚངས་ཡངས་རྒྱ་མཚོའི་ཕ་ཡུལ་བོད་ལྗོངས་ལྷོ་ཁ་ས་ཁུལ་མཚོ་སྣ་རྫོང་དུ་སྤེལ་རྒྱུ་ཡིན་པ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན།བྱེད་སྒོ་དེ་མཚོ་སྣ་རྫོང་ལེགས་པོ་རོང་གྲགས་ཅན་མཛེས་ལྗོངས་ཁུལ་དུ་སྤེལ་རྒྱུ་ཡིན་པ་དང་།བྱེད་སྒོ་དེའི་ནང་མོན་པ་རིགས་ཀྱི་རིག་གནས་ཉམས་འགྱུར་དང་བསམ་པའི་འདུ་ཤེས་བཅས་གཅིག་སྡུད་དུ་མངོན་རྒྱུ་ཡིན་པ་རེད།སྐབས་དེའི་བྱེད་སྒོའི་རིང་ས་མྰའི་ཆང་གཞས་འགྲན་བསྡུར་དང་།མོན་པ་རིགས་ཀྱི་ཞབས་བྲོ་ཨ་ཅེ་ལྷ་མོ།སྐྱིད་པོ་ཤང་ཆྰང་སོགས་ཀྱི་མོན་པ་རིགས་ཀྱི་རིག་གནས་སྟོན་མོ་དང་དངོས་ཟོག་བརྗེ་རེས།མཛེས་ལྗོངས་ལྟ་སྐོར་སོགས་ཀྱི་ཕུན་སུམ་ཚོགས་པའི་བྱེད་སྒོ་སྣ་ཚོགས་སྤེལ་ནས་ཡུལ་སྐོར་བས་ཚོན་རིས་ཀྱི་བར་ཁྱམས་ལེགས་པོ་རོང་གི་མཛེས་ལྗོངས་འདྲ་མིན་སྣ་ཚོགས་ཉམས་ཞིབ་དང་ཚོར་སྣང་མྱོང་ཐུབ་རྒྱུ་ཡིན་པ་རེད།
      ལྷོ་ཁ་ས་ཁུལ་ཡུལ་སྐོར་ཅུད་ཀྱི་ཅུད་ཀྲང་ཆའོ་ལིང་གིས་མིག་སྔར།བྱེད་སྒོ་དེའི་སྔོན་འགྲོའི་ལས་དོན་རྩ་བའི་ཆ་ནས་ལེགས་གྲུབ་ཟིན་ཡོད་པ་རེད།ཐེངས་དེའི་རིག་གནས་བྱེད་སྒོ་དེ་སྤེལ་བ་ཡིས་ས་གནས་དེ་གའི་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་གཏོང་ཐུབ་པ་མ་ཟད།ད་དུང་སྟོང་ལ་ཉེ་བའི་ས་མྰའི་ཆང་གཞས་སོགས་མོན་པ་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཡང་མྱུར་སྐྱོབ་དང་།སྲུང་སྐྱོབ།རྒྱུན་འཛིན་བཅས་ཀྱི་ནུས་པ་ཐོན་ཐུབ་རྒྱུ་ཡིན་པ་རེད་ཅེས་གསུངས།