མདུན་ཤོག- རིག་གནས་འཚོ་བ།- རིག་གནས་འགྱུར་སྟངས།

མཚོ་སྔོན་ཞིང་ཆེན་གྱིས་སྐབས་དང་པོའི་གླིང་གེ་སར་རྒྱལ་བོའི་སྒྲུང་གི་ཞིབ་འཇུག་གྲུབ་འབྲས་ཀྱི་བྱ་དགའ་དཔྱད་བསྡུར་བྱ་འགུལ་སྤེལ་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2012-04-25 10:52

   ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་ལོ་རྒྱུས་སྙན་རྩོམ་རིང་མོ་གླིང་གེ་སར་རྒྱལ་བོའི་སྒྲུང་གི་གཞུང་ལུགས་ཞིབ་འཇུག་དང་རིག་གཞུང་བརྗེ་རེས་བྱ་བར་སྔར་ལས་ཤུགས་སྣོན་པ་དང་། གླིང་གེ་སར་རྒྱལ་བོའི་སྒྲུང་གི་ཞིབ་འཇུག་ལས་དོན་དར་རྒྱས་གོང་འཕེལ་དུ་གཏོང་ཆེད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་མཚོ་སྔོན་ཞིང་ཆེན་གྱི་གླིང་གེ་སེར་རྒྱལ་བོའི་སྒྲུང་གི་ཞིབ་འཇུག་གྲུབ་འབྲས་བྱ་དགའ་འཛུགས་པའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལ་གཞིགས་ནས། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས2012ལོའི་ལོ་སྟོད་དུ་སྐབས་དང་པོའི་མཚོ་སྔོན་ཞིང་ཆེན་གྱི་གླིང་གེ་སར་རྒྱལ་བོའི་སྒྲུང་གི་ཞིབ་འཇུག་གྲུབ་འབྲས་ཀྱི་བྱ་དགའ་དཔྱད་བསྡུར་བྱ་འགུལ་སྤེལ་རྒྱུ་རེད། །