མདུན་ཤོག- རིག་གནས་འཚོ་བ།- རིག་གནས་འགྱུར་སྟངས།

ཞི་བདེ་ཉི་མའི་གློག་བརྙན་སྒྲོལ་མའི་མགུལ་རྒྱན་དང་སྐལ་བཟང་གི་གཟའ་མཇུག་གཉིས་ལ་བྱ་དགའ་ཐོབ།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2012-04-24 10:23

 

འཁྲབ་ཁྲིད་པ་ཞི་བདེ་ཉི་མ་དང་ཕབ་སྐྲུན་པ་བསོད་ནམས་རྒྱལ།

   ཉེ་ལམ། པེ་ཅིན་ཁ་བ་ཅན་གློག་བརྙན་བརྙན་འཕྲིན་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་ཟིས་བཟོ་བསྐྲུན་བྱས་པ་དང་།བོད་ཀྱི་སྒྱུ་རྩལ་པ་དང་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་ཞི་བདེ་ཉི་མས་འཁྲབ་ཁྲིད་བྱས་པའི་གཏམ་རྒྱུད་གློག་བརྙནསྒྲོལ་མའི་མགུལ་རྒྱནདང་དངོས་ཞུའི་གློག་བརྙནསྐལ་བཟང་གི་གཟའ་མཇུགགཉིས་ལ། སྐབས་དང་པོའི་ཀྲུང་གོའི་ནུབ་བརྒྱུད་སློབ་ཆེན་གློག་བརྙན་དུས་སྟོན་སྟེང་སོ་སོར་བྱ་དགའ་ཨང་གཉིས་པ་དང་གསུམ་པ་ཐོབ་པར་མ་ཟད། ཞི་བདེ་ཉི་མར་ཕུལ་བྱུང་གློག་བརྙན་འཁྲབ་ཁྲིད་པའི་གཟེངས་རྟགས་བྱ་དགའ་ཐོབ། འབྱོར་བའི་གནས་ཚུལ་ལྟར་ན་དངོས་ཞུའི་གློག་བརྙནསྐལ་བཟང་གི་གཟའ་མཇུགཀྲུང་གོའི་དངོས་ཞུའི་གློག་བརྙན་འཕེལ་རྒྱས་རྒྱབ་རོགས་འཆར་གཞིའི་ནང་བདམས་ཐོན་བྱུང་བ་རེད། །