མདུན་ཤོག- རིག་གནས་འཚོ་བ།- རིག་གནས་འགྱུར་སྟངས།

གཅན་ཚ་རྫོང་མི་རིགས་སློབ་འབྲིང་དུ་སྐལ་བཟང་མེ་ཏོག་སློབ་གསོ་རོགས་སྐྱོབ་མ་དངུལ་སྦྱིན་པའི་མཛད་སྒོ་བསྡུས་པ།

  ཡོང་ཁུངས། གཅན་ཚ་རྫོང་མི་རིགས་སློབ་འབྲིང་།  2012-04-20 11:15

 

    ཉེ་ལམ།   སྐལ་བཟང་མེ་ཏོག་སློབ་གསོ་རོགས་སྐྱོབ་ཚོགས་པའི་ཚོགས་མི་དག་གཅན་ཚ་རྫོང་མི་རིགས་སློབ་འབྲིང་དུ་ཡོང་སྟེ། 2011ལོ་ནས་2012ལོ་བར་ཀྱི་ལོ་གཅིག་གི་རོགས་སྐྱོབ་མ་དངུལ་སྦྱིན་པའི་མཛད་སྒོ་སྤེལ་བ་རེད།

       ཐེངས་འདིར་སྐལ་བཟང་མེ་ཏོག་སློབ་གསོ་རོགས་སྐྱོབ་ཚོགས་པས་གཅན་ཚ་རྫོང་མི་རིགས་སློབ་འབྲིང་གི་དཀའ་ཁག་ཅན་གྱི་སློབ་མ་གཙོ་བྱས་ཏེ་གྲུབ་པའི་སློབ་མ་ལྔ་བཅུ་ང་གཉིས་ཅན་གྱི་༼སྐལ་བཟང་མེ་ཏོག་འཛིན་གྲྭ༽འི་སློབ་མ་ཡོངས་ཀྱི་སློབ་ཡོན་དང་ཟ་མའི་འགྲོ་གྲོན་ཐད་ལ་སློབ་མ་རེར་སྒོར་སྟོང་གཅིག་ལྔ་བརྒྱ་རེ་༼སྤྱི་བསྡོམས་སྒོར་78000༽གནང་སྦྱིན་བྱས་ཏེ་ལོ་གཅིག་གི་སློབ་མའི་འཚོ་བའི་ དཀའ་ཁག་སེལ་ཡོད་པ་རེད།