མདུན་ཤོག- རིག་གནས་འཚོ་བ།- རིག་གནས་འགྱུར་སྟངས།

བདེ་ཆེན་རྫོང་གཡག་རྭ་སྡེ་བ་རུ་ཆིན་རྒྱལ་རབས་སྐབས་ཀྱི་ནང་བསྟན་ལྡེབས་རིས་རྙེད་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་དྲ་བ།  2012-04-20 11:08

   
 གསར་དུ་རྙེད་པའི་ལྡེབས་རིས།

     ཉེ་སྔོན།མང་ཚོགས་ཀྱིས་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་གཡག་རྭ་སྡེ་བ་རུ་གནའ་བོའི་ལྡེབས་རིས་གསར་དུ་རྙེད་པའི་གནས་ཚུལ་འདོན་སྤྲོད་བྱས། བདེ་ཆེན་རྫོང་ཏང་ཨུའི་དྲིལ་སྒྲོག་པུའུ་དང་བདེ་ཆེན་རྫོང་རིག་དངོས་དོ་དམ་ཁང་གཉིས་ཀྱིས་རྩ་འཛུགས་བྱས་པའི་རིག་དངོས་ཞིབ་དཔྱད་ཚན་ཆུང་ཡུལ་དངོས་སུ་སོང་ནས་བརྟག་དཔྱད་ཞིབ་འཇུག་བྱས།

    

    གསར་དུ་རྙེད་པའི་ལྡེབས་རིས།

    ཐེངས་འདིར་གསར་དུ་རྙེད་པའི་ཆིན་རྒྱལ་རབས་སྐབས་ཀྱི་ལྡེབས་རིས་ནི་མཚོ་ངོས་ལས་སྨིས2819ཡོད་པའི་ལྕང་ལུང་ལྷ་ཁང་དུ་ཡོད་པ་དང་། སྔོན་ཆད་ལྕང་ལུང་ལྷ་ཁང་ནི་དགོན་སྡེ་ཆུང་ཆུང་ཞིག་ཡིན་ལ། རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ་དགོན་པ་འདིའི་ལྷ་སྐུ་ཚང་མ་ལ་གཏོར་བརླག་ཐེབས་པ་མ་ཟད། ལྡེབས་རིས་ཡོད་ཚད་རྡོ་ཐལ་གྱིས་གཡོགས་པ་དང་། དུས་ཡུན་རིང་བོའི་ནང་དགོན་སྡེ་འདི་དངོས་ཟོག་འཇོག་སའི་མཛོད་ཁང་དུ་བཀོལ་བཞིན་ཡོད།དགོན་སྡེ་འདིར་ཉར་ཚགས་བྱས་ཡོད་པའི་ལྡེབས་རིས་དག་དུས་ཡུན་མང་པོ་འགོར་ཡོད་ནའམ། ཉར་ཚགས་བྱས་པའི་གནས་ཚུལ་ཅུང་ལེགས་པོ་ཡིན་ལ། གཙོ་བོ་ནང་བསྟན་ཆོས་ལུགས་ཀྱི་ནང་དོན་ཡིན་པ་དང་། སོ་སོ་ཇོ་བོ་ཤྰཀྱ་མི་ནེ་དང་སངས་རྒྱས་སྨན་བླ། སློབ་དཔོན་པདྨ་འབྱུང་གནས། རྗེ་ཙོང་ཁ་པ། རྒྱལ་ཆེན་རིགས་བཞི་སོགས་རིགས་མི་འདྲ་བའི་ལྷ་སྐུ་བརྒྱ་ཕྲག་ལྷག་འབྲི་བཞེངས་བྱས་ཡོད་པས། སྒྱུ་རྩལ་དང་ལོ་རྒྱུས་ཀྱི་ཞིབ་འཇུག་ཐད་ནས་རིན་ཐང་གལ་ཆེན་ལྡན།