མདུན་ཤོག- རིག་གནས་འཚོ་བ།- རིག་གནས་འགྱུར་སྟངས།

བོད་ལྗོངས་ཀྱིས་ལྔ་ཚན་བཅུ་གཉིས་པའི་རིང་རིག་དངོས་ཉམས་གསོའི་ལས་གྲྭ་ཁག62གཏན་འཁེལ་བྱས་པ།

  ཡོང་ཁུངས། ཀྲུང་གོའི་གསར་འགྱུར་དྲ་བ།  2012-04-19 10:39

       གསར་འགྱུར་གསར་ཤོས་ལས་ཤེས་གསལ། བོད་ལྗོངས་ཀྱིསལོ་ལྔ་ཚན་བཅུ་གཉིས་པའིརིང་རིག་དངོས་སྲུང་སྐྱོབ་ཉམས་གསོའི་རྣམ་གྲངས་ཁྱོན་བསྡོམས་ཁག62ལས་བརྒལ་བ་གཏན་འཁེལ་བྱས་པ་དང་དེའི་ནང་དཔལ་ཆོས་དགོན་དང་ནོར་བུ་གླིང་ཁ། དགའ་ལྡན་དགོན། འབྲས་སྤུངས་དགོན། བོད་ཀྱི་བཙན་པོའི་བང་སོ། གུ་གེ་རྒྱལ་པོའི་གནའ་ཤུལ། ཡི་ཀུང་དམག་སྤྱིའི་ཁང་བརྩེགས། གྲོ་མོའི་གནའ་བོའི་ཚ་ལམ། ཚྭ་ཁའི་ཚྭ་ཞིང་སོགས་ཚུད་ཡོད་པ་རེད།

        གསར་དུ་བཏོན་པའི༼བོད་རང་སྐྱོང་ལྗོངསལོ་ལྔ་ཚན་བཅུ་གཉིསརིང་གི་རིག་དངོས་ལས་དོན་འཕེལ་རྒྱལ་འཆར་འགོད༽ལས་ངོ་སྤྲོད་བྱས་པར།2011ལོའི་ཟླ་བ7པའི་ཚེས6ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱུན་ཨུད་ཚོགས་འདུ་འཚོགས་ནས༼ལོ་ལྔ་ཚན་བཅུ་གཉིསརིང་བོད་ལྗོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་འཛུགས་སྐྱོང་ལས་གྲྭའི་ཐད་རོགས་སྐྱོར་བྱ་རྒྱུའི་ཇུས་འགོད་བྱ་ཐབས༽ལ་ཆོག་མཆན་བཀོད་པ་རེད། རྒྱལ་ཁབ་རིག་དངོས་ཅུད་ཀྱི་ཀྲུང་དབྱང་གི་ཁྱོན་ཡོངས་འཆར་འགོད་གཞིར་བཟུང་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་བོད་ལྗོངས་ཀྱི་རིག་དངོས་སྲུང་སྐྱོབ་རྣམ་གྲངས་མ་དངུལ་གྱི་རྨང་གཞིའི་སྟེང་མི་དམངས་ཤོག་སྒོར་སྒོར་དུང་ཕྱུར༨ཁ་སྣོན་བརྒྱབ་ནས་རྣམ་གྲངས་ཁག62བར་ཁ་སྣོན་བྱས་ཡོད། མི་སྔའི་གསར་འགྱུར་ལས་ཤེས་གསལ། ལོ་ལྔ་ཚན་བཅུ་གཉིས་པའིརིང་ཀྲུང་གོས་བོད་ལྗོངས་ཀྱི་རིག་དངོས་སྲུང་སྐྱོབ་ཐད་མ་དངུལ་སྒོར་དུང་ཕྱུར༡༧ཙམ་བཏང་ཡོད་པ་རེད།

        བོད་རང་སྐྱོང་ལྗོངས་རིག་དངོས་ཅུད་ཀྱི་ཅུད་ཀྲང་བཟང་པོས།བོད་ལྗོངས་ཀྱི་རིག་དངོས་སྲུང་སྐྱོབ་རྣམ་གྲངས་དང་མ་དངུལལོ་ལྔ་ཚན་བཅུ་གཅིག་པའིརིང་དང་བསྡུར་ན་ཆ་སྙོམས་ལྡབ་གསུམ་ཙམ་འཕར་སྣོན་བྱུང་ཡོད་ཅེས་གསུངས།

      གཞུང་ཕྱོགས་ནས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལས་ཤེས་གསལ། ལོ་ལྔ་ཚན་བཅུ་པའིརིང་ཀྲུང་གོས་སྒོར་དུང་ཕྱུར༣.༨ཙམ་བཏང་ནས་ཕོ་བྲང་པོ་ཏ་ལ་དང་ས་སྐྱ་དགོན། ནོར་བུ་གླིང་ཁ་བཅས་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་གསུམ་གྱི་ལས་གྲྭ་དོན་འཁྱོལ་ཡོང་བར་སྒྲིག་འཛུགས་བྱས་པ་དང་ལས་གྲྭ་དེ་རྣམས2001ལོར་མཇུག་འགྲིལ་བ་རེད།ལོ་ལྔ་ཚན་བཅུ་གཉིས་པའིརིང་བོད་ལྗོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ལས་གྲྭར་མ་དངུལ་སྒོར་དུང་ཕྱུར༥.༧བཀོད་སྒྲིག་བྱས་པ་དང་ཁྱོན་རིག་དངོས་སྲུང་སྐྱོབ་ཚན་པ22ཙམ་ཡོད་པ་རེད།

      དེའི་རིང་གཙོ་གནད་རིག་དངོས་སྲུང་སྐྱོབ་རྣམ་གྲངས་ཁག62དེ་རྣམས་འཆར་འགོད་ལྟར་ན་གཙོ་བོ་ཁག་བཞིར་དབྱེ་ཡོད་པ་སྟེ།གནའ་རབས་འཛུགས་སྐྲུན་ཉམས་གསོ་དང་གནའ་ཤུལ་དང་གནའ་བོའི་བང་སོ་སྲུང་སྐྱོབ་ཉམས་གསོ།ཉེ་རབས་ཀྱི་གཙོ་གནད་ལོ་རྒྱུས་དང་འཐུས་ཚབ་རང་བཞིན་གྱི་འཛུགས་སྐྲུན་སྲུང་སྐྱོབ་ཉམས་གསོ།རྡོ་བརྐོས་དང་གཞན་གྱི་རིག་དངོས་སྲུང་སྐྱོབ་ཉམས་གསོ་བཅས་སོ།

       བཟང་པོས་ངོ་སྤྲོད་བྱས་པར། རྣམ་གྲངས་དེ་རྣམས་ཞིབ་ཕྲ་གཤམ་གསལ་ཏེ། དཔལ་ཆོས་དགོན་དང་གནས་རྙིང་ཆོས་སྡེ་དགོན། ནོར་བུ་གླིང་ཁ། དགའ་ལྡན་དགོན། འབྲས་སྤུངས་དགོན། ཆོས་སྡེ་དགོན----སྒྲོལ་མ་ལྷ་ཁང་། བྲག་སྐྱེས་མ་ཚོགས་ཆེན། མཐོ་ལྡིངས་དགོན་སོགས་རྒྱལ་ཡོངས་རིག་དངོས་སྲུང་སྐྱོབ་ཚན་པ་ཁག39ཙམ་ཉམས་གསོ་དང་བདེ་འཇགས་སྔོན་འགོག་གི་སྒྲིག་གཞི་འཛུགས་སྐྱོང་ལེགས་གྲུབ་བྱུང་ཡོད། བོད་ཀྱི་བཙན་པོའི་བང་སོ་དང་ཁ་རུབ་གནའ་ཤུལ། དངུལ་མདའ་གནའ་ཤུལ། གུ་གེ་རྒྱལ་པོའི་གནའ་ཤུལ།  གདུང་དཀར---འཕེལ་གཡང་གནའ་ཤུལ། ཁྲོམ་ཆེན་བང་སོ། སླེབས་རི་བང་སོ། སྐྱིད་སྟོད་བཙན་པོའི་བང་སོ་སོགས་རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན12ཀྱི་སྲུང་སྐྱོབ་ལས་དོན་ལེགས་གྲུབ་བྱུང་ཡོད། སྔོན་གྱི་བོད་ལྗོངས་བཟོ་ཨུད་ཚོགས་ཁང་དང་ཡི་ཀུང་དམག་སྤྱིའི་ཁང་བརྩེགས། གྲོ་མོའི་གནའ་བོའི་ཚ་ལམ་སོགས་རང་སྐྱོང་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པ་གསུམ་གྱི་སྲུང་སྐྱོབ་ཉམས་གསོའི་ལས་གྲྭ་ལེགས་གྲུབ་བྱུང་བ། ཚྭ་ཁའི་ཚྭ་ཞིང་དང་སྨན་ཐང་ལྡེའུ་ཅུང་གི་བྲག་བརྐོས་ཡི་གེ། ཀོང་པོ་དེ་མོའི་བྲག་བརྐོས་ཡི་གེ། རེད་མདའ་བྲག་བརྐོས་ཡི་གེ་སོགས་རང་སྐྱོང་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པ་བཞིའི་སྲུང་སྐྱོབ་ལས་གྲྭ་ལེགས་གྲུབ་བྱུང་ཡོད་པ་རེད་ཟེར།

        བཟང་པོས་དེ་དང་མཉམ་དུ་གསལ་བཤད་གནང་བར།2015ལོའི་བར་བོད་རང་སྐྱོང་ལྗོངས་ནང་ཁུལ་གྱི་གནའ་ཤུལ་ཆེ་གྲས་དང་འཛམ་གླིང་རིག་གནས་ཤུལ་བཞག རྒྱལ་ཡོངས་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་སོགས་ཀྱི་ཉེན་ཁའི་གནས་ཚུལ་མཐའ་དག་ཁྱོན་ཡོངས་ནས་གཙང་སེལ་བྱེད་རྒྱུར་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར།

      དེ་སྔོན།    གཞུང་ཕྱོགས་མི་སྣས་གསལ་བཤད་བྱས་པར།  མི་སྔའི་བོད་ལྗོངས་རིག་དངོས་སྲུང་སྐྱོབ་ལས་གྲྭ་དང་འབྲེལ་བའི་ཁྱབ་ཁོངས་དང་མ་དངུལ་བཏང་བའི་གཞི་ཁྱོན་དེ་འདྲ།  བོད་ལྗོངས་ཀྱི་ལོ་རྒྱུས་ཐོག་བྱུང་མྱུང་མེད་པ་མ་ཟད་རྒྱལ་ཡོངས་སུ་ཡང་ཐོག་མ་ཡིན་པ་རེད། །