མདུན་ཤོག- རིག་གནས་འཚོ་བ།- རིག་གནས་འགྱུར་སྟངས།

《མངའ་རིས་ཀྱི་ཚགས་པར》བོད་ཡིག་པར་གཞི་དངོས་སུ་འགྲེམ་སྤེལ་བྱས།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2012-04-19 10:33

    ཏང་གི་ཚགས་པར་དང་ཏང་གི་ཡིག་ཆའི་གཟིགས་འབུལ་གྱི་ལས་གྲྭ་དང་རང་སྐྱོང་ལྗོངས་ཀྱི་སྐབས་བརྒྱད་པའི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་ནང་གསར་འགྱུར་སྨྱན་སྦྱོར་ཚང་མས་རྒྱ་བོད་༼སྐད་ཡིག་གཉིས་༽ཀྱི་ཐོག་ནས་རྩོམ་སྒྲིག་པར་འདེབས་དང་གསར་འགྱུར་གཏོང་སྤེལ་བྱེད་པའི་སྐོར་གྱི་ཐད་ལག་ལེན་མཐར་ཕྱིན་ཡོང་ཆེད། ཉེ་དུས།མངའ་རིས་ཀྱི་ཚགས་པར་》བོད་ཡིག་པར་གཞི་དེ་དངོས་སུ་མངའ་རིས་ས་ཁུལ་ཡིག་ཟམ་ཅུས་ཀྱིས་འགྲེམ་སྤེལ་ཤར་གཏོང་བྱས་པ་མ་ཟད་ཚགས་པར་དང་ཡིག་ཆ་ཚང་མ་རིན་མེད་ཀྱི་ཐོག་ནས་ཤང་གྲོང་ཁག་དང་སློབ་གྲྭ། དགོན་སྡེ་བཅས་ལ་སྐྱེལ་ནས་གཟིགས་འབུལ་བྱ་རྒྱུ་ཡིན་པ་རེད།
 
རྒྱུས་ལོན་བྱས་པར་གཞིགས་ན།མངའ་རིས་ཀྱི་ཚགས་པར》བོད་ཡིག་ཚགས་པར་དེ་འདི་ལོ་སྤྱི་ཟླ3ནས་དངོས་སུ་སྤེལ་རྒྱུ་ཡིན་པ་དང་གཟའ་འཁོར་རེར་ཐེངས་གཅིག། ཐེངས་རེར་ཚགས་པར2000པར་བསྐྲུན་བྱེད་རྒྱུ་ཡིན་པ་རེད། དེ་གཅོ་བོ་ཞིང་ཁྱིམ་གྱི་དཔེ་ཁང་འཛུགས་སྐྲུན་དང་འགོན་སྡེའི་དཔེ་ཁང་འཛུགས་སྐྲུན་ལ་བསྟུན་ཏེ་ཞིང་འབྲོག་ཁུལ་དང་དགོན་སྡེར་ཁ་ཕྱོགས་ནས་རིན་མེད་ངང་གཟིགས་འབུལ་ཐུབ་པ་བྱེད་རྒྱུ་ཡིན་པ་དང་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་དང་སློབ་གྲ། གྲྭ་བཙུན་བཅས་ཀྱིས་དུས་ཚོད་དང་པོའི་ཐོག་ཏང་གི་མཛད་ཕྱོགས་སྲིད་འཇུས་ཀྱི་ལམ་ཕྱོགས་ཤེས་རྟོགས་ཐུབ་པ་བྱ་རྒྱུ་དང་མགྱོགས་མྱུར་ངང་མངའ་རིས་ཀྱི་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་གཏན་འཁེལ་བཀོད་སྒྲིག་བྱེད་པའི་ཚོགས་འདུའི་གཙོ་བོའི་དགོངས་དོན་སློབ་སྦྱོང་དང་ཤེས་རྟོགས་བྱེད་ཐུབ་པ། དུས་མཚུངས་གཞི་རིམ་གྱི་བོད་ཡིག་ཡིག་ཆ་ཉུང་བ་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་ཐུབ་ལ《མངའ་རིས་ཚགས་པར》བོད་ཡིག་པར་གཞི་དེ་གཞི་རིམ་དུ་ཚད་ཆེ་བའི་ངང་ནུས་པ་འདོན་ཐུབ་པ་དང་རྒྱུན་ཆད་མེད་པར་མངའ་རིས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་རྒྱས། མི་རིགས་མཐུན་སྒྲིལ་བཅས་ཞི་བདེ་བརྟན་ལྷིང་ཡོང་བའི་རྣམ་པ་ཞིག་ཏུ་འགྱུར་ཐུབ།