མདུན་ཤོག- རིག་གནས་འཚོ་བ།- རིག་གནས་འགྱུར་སྟངས།

མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་སློབ་འབྲིང་སློབ་མའི་ལུས་རྩལ་འགྲན་ཚོགས་མགོ་བརྩམས་པ།

  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2012-04-17 10:55

    གྲངས་ཉུང་མི་རིགས་སློབ་འབྲིང་སློབ་མའི་ལུས་ཟུངས་ཇེ་དྲག་ཏུ་གཏོང་བ་དང་། གྲངས་ཉུང་མི་རིགས་ཀྱི་ཕུལ་དུ་བྱུང་བའི་ལུས་རྩལ་ཤེས་ལྡན་པ་སྐྱེད་སྲིང་། མི་རིགས་ས་ཁུལ་གྱི་སློབ་གྲྭའི་ལུས་རྩལ་བྱ་བ་དབྱར་མཚོ་རྒྱས་པ་ཇི་བཞིན་གོང་དུ་སྤེལ་བར་ཡར་སྐུལ་གཏོང་ཆེད། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་དང་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སློབ་གསོ་ཐིན་བཅས་ཀྱིས་བསྒྲུབས་པའི2012ལོའི་མཚོ་སྔོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་སློབ་འབྲིང་སློབ་མའི་ལུས་རྩལ་འགྲན་ཚོགས་དེ་ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན་འཚོག་མགོ་བརྩམས།
   ད་ལྟའི་རང་ཞིང་གི་སློབ་གྲྭའི་ལུས་རྩལ་སྦྱང་ཚན་ལྟར། ལུས་རྩལ་འགྲན་ཚོགས་ལ་སྐྱེས་པའི་ལྒང་ལི་དང་ཕིན་ཕང་ལྒང་ལི། རྒྱུག་འགྲན། སྐྱེས་པ་དང་སྐྱེས་མའི་རྒྱང་མཆོང་། ཐག་འཐེན་སོགས་རྣམ་གྲངས་བཙུགས་ཏེ། རིམ་པ་གཉིས་སུ་དབྱེ་ནས་འགྲན་བསྡུར་བྱེད་རྒྱུ་ཡིན་ལ། རིམ་པ་དང་པོ་ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན་ནས་ཟླ་ལྔ་བའི་ཚེས་བརྒྱད་ཉིན་བར། ཁུལ་དང་ས་ཁུལ། གྲོང་ཁྱེར་བཅས་ཀྱིས་གདམ་འཐེན་འགྲན་བསྡུར་བྱེད་པར་རྩ་འཛུགས་བྱེད་རྒྱུ་དང་། ཞིང་ཆེན་ལུས་རྩལ་ཅུའུ་ཡིས་ཁུལ་དང་ས་ཁུལ། གྲོང་ཁྱེར་ཁག་ལ་འགྲོ་གྲོན་སྒོར་ཁྲི་རེ་སྟེར་རྒྱུ་རེད། རིམ་པ་གཉིས་པའི་འགྲན་སྡུར་དེ། ཟླ་ལྔ་བའི་ཚེས་བཅོ་བརྒྱད་ཉིན་ནས་ཚེས་ཉི་ཤུའི་ཉིན་བར། མཚོ་སྔོན་སྟོད་པ་རྒྱལ་ཁབ་ས་མཐོའི་ལུས་རྩལ་སྦྱོང་བརྡར་རྟེན་གཞི་ནས་རྟིང་རྩོད་འགྲན་བསྡུར་སྤེལ་རྒྱུ་རེད། ཐེངས་འདིའི་བྱ་འགུལ་ལས། ཞིང་ཆེན་ཡོངས་ཀྱི་མི་རིགས་དཀྱིས་མའི་སློབ་འབྲིང་བརྒྱ་དང་བཅོ་བརྒྱད་ཀྱི་སློབ་འབྲིང་སློབ་མ་འབུམ་གཅིག་ལྷག་ལུས་རྩལ་ལུས་སྦྱོང་བྱ་འགུལ་དུ་ཞུགས་པར་ནུས་པ་ཆེན་པོ་ཐོན་ཐུབ།