མདུན་ཤོག- རིག་གནས་འཚོ་བ།- རིག་གནས་འགྱུར་སྟངས།

མཚོ་སྔོན་ཞིང་ཆེན་གྱི་བུད་མེད་གཙགས་དྲུབ་ལག་ཤེས་པ་ཁྲི་གསུམ་ལྷག་ཏུ་བསླེབས་པ།

  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2012-04-17 10:53

ཉེ་ལམ་གསར་འགོད་པས་མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལྟ་མཚོ་སྔོན་ཞིང་ཆེན་གྱི་བུད་མེད་གཙགས་དྲུབ་ལག་ཤེས་པ་ཁྲི་གསུམ་ལྷག་ཏུ་བསླེབས་ཡོད།

  ཉེ་བའི་ལོ་འགའི་རིང་ལ་མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཁར་གྲོང་གི་བུད་མེད་ལས་ཀར་ཞུགས་པའི་གནད་དོན་ཐག་བཅད་དེ། ས་ཆ་གཞན་དུ་འགྲོ་མི་དགོས་པར་ཡོང་སྒོ་བསྐྲུན་ཐུབ་པ་དང་། རྒྱལ་ཁབ་ཕྱི་ནང་གི་སྙིང་རྗེ་ཚོགས་པ་དང་གཅེས་སེམས་འབུལ་མཁན། འབྲེལ་ཡོད་སྡེ་ཁག་གི་ལག་ཤེས་ཐོན་ལས་སྤེལ་བའི་གསོ་སྦྱོང་མ་དངུལ་སྒོར་མོ་འབུམ་བརྒྱད་དང་ཁྲི་བརྒྱད་ལྷག་བརྩོན་ལེན་བྱས་ཏེ་བུད་མེད་ལག་ཤེས་པ་གསོ་སྦྱོང་བྱེད་པའི་འཛིན་གྲྭ་བསྒྲུབས། ད་ལྟ་སྟོང་སྐོར་རྫོང་དང་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གཉིས་ཀྱི་གཙགས་དྲུབ་སོགས་ལག་ཤེས་ཐོན་རྫས་སྣ་ཁ་ཉི་ཤུ་ལྷག་གཞི་ཁྱོན་ཅན་དུ་གྱུར་ཡོད། བསྡོམས་རྩིས་བྱས་པ་ལྟར་ན། ཞིང་ཆེན་ཡོངས་སུ་ལག་ཤེས་བཟོ་རྩལ་སྤེལ་བའི་ཁེ་ལས་ཉིས་བརྒྱ་ལྷག་ཡོད་པ་དང་དེར་བུད་མེད་ཁྲི་གསུམ་ལྷག་ཞུགས་ཡོད།