མདུན་ཤོག- རིག་གནས་འཚོ་བ།- རིག་གནས་འགྱུར་སྟངས།

པདྨ་ཚེ་བརྟན་དེང་གི་ལོ50མན་གྱི་འཁྲབ་ཁྲིད་པ་ལེགས་ཤོས50ཡི་མིང་ཐོའི་ནང་ཚུད་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།    2012-04-16 11:39

      ཁ་ན་ཏའི་གློག་བརྙན་དུས་དེབCinemaScopeསྐབས༥༠བའི་སྟེང་། ལོ50མན་གྱི་འཁྲབ་ཁྲིད་པ་ལེགས་ཤོས50ཡི་མིང་ཐོ་ཁྱབ་བསྒྲགས་བྱས་ཡོད་ཅིང་། དེའི་ནང་བོད་ཀྱི་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ཡང་ཚུད་ཡོད་པ་རེད།
      པདྨ་ཚེ་བརྟན་གྱིས་སྔ་རྗེས་སུ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་སྡེ་ཁག་དང་། པེ་ཅིང་གློག་བརྙན་སློབ་གླིང་རྩོམ་རིག་སྡེ་ཁག པེ་ཅིང་གློག་བརྙན་སློབ་གླིང་འཁྲབ་ཁྲིད་སྡེ་ཁག་སོགས་སློབ་གྲྭ་ནས་སློབ་སྦྱོང་གནང་མྱོང་ལ། ད་ལྟ་ཁོང་ནི་ཀྲུང་གོའི་འཁྲབ་ཁྲིད་མཐུན་ཚོགས་ཀྱི་ཚོགས་མི་དང་། ཀྲུང་གོའི་གློག་བརྙན་པའི་མཐུན་ཚོགས་ཀྱི་ཚོགས་མི། ཀྲུང་གོའི་གློག་བརྙན་རྩོམ་རིག་ཚོགས་པའི་ཚོགས་མི་བཅས་ཡིན་པ་མ་ཟད། ཀྲུང་གོའི་འཁྲབ་ཁྲིད་མཐུན་ཚོགས་ལག་བསྟར་ཨུ་ཡོན་གྱི་གྲས་ཀྱི་གཅིག་ཀྱང་ཡིན།

སྐབས་ལྔ་བཅུ་བའི་གློག་བརྙན་དུས་དེབCinema Scope

ཁོང་གིས་བོད་ཀྱི་བརྩམས་སྒྲུང་གཅེས་བསྡུསབསླུ་བྲིདདང་། རྒྱའི་བརྩམས་སྒྲུང་གཅེས་བསྡུསགླུ་བ་འཁྱམས་པོའི་རྨི་ལམབླ་ཆེན་བོད་ལྗོངས་ན་ཡོད་པ། དེ་མིན་བསྒྱུར་ཡིག་རིང་མོབརྗོད་ཀྱིས་མི་ལང་བའི་གཏམ་རྒྱུདསོགས་བརྩམས་ཆོས་མང་པོ་པར་བསྐྲུན་བྱས་ཡོད་ཅིང་། བརྩམས་ཆོས་མི་ཉུང་བ་ད་དུང་གཞན་གྱིས་དབྱིན་ཇི་དང་ཧྥ་རན་སི། འཇར་མན་བཅས་ཀྱི་སྐད་དུ་བསྒྱུར་ནས་ཕྱི་རྒྱལ་དུ་བཀྲམ་ཡོད་པ་རེད།
 ཁོང་གི་མཚོན་བྱེད་གློག་བརྙན་བརྩམས་ཆོས་ལལྷིང་འཇགས་ཀྱི་མ་ཎི་རྡོ་འབུམདང་། དྲི་མེད་ཀུན་ལྡན་འཚོལ་བཁྱི་རྒནབཅས་ཡོད།