མདུན་ཤོག- རིག་གནས་འཚོ་བ།- རིག་གནས་འགྱུར་སྟངས།

ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་ཡུལ་ཤུལ་ས་ཡོམ་བྱུང་ནས་ལོ་འཁོར་གཉིས་འགོར་བའི་རྗེས་དྲན་མྱ་ངན་གྱི་བྱ་འགུལ་སྤེལ་བ།

    2012-04-16 11:33

       

ཟླ4བའི་ཚེས15ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞི་ཡི་སྟེང་དུ་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་གཞུང་སྒྲུབ་ཁང་གིས་འགན་ཁུར་ཞིང་།སློབ་གྲྭའི་ཐོན་ཨུ་ནས་གཞོགས་འདེགས་བྱས་པའི་བཞི་གཅིག་བཞི་ཡུལ་ཤུལ་ས་ཡོམ་བྱུང་ནས་ལོ་འཁོར་གཉིས་འགོར་བའི་རྗེས་དྲན་སྙན་ངག་གྱེར་འདོན་འཚོགས་འདུ་དེ་སློབ་རའི་རྩལ་སྦྱོང་ར་བ་ནས་འགོ་བརྩམས།ཐེངས་འདིའི་འཚོགས་འདིའི་ཚོགས་རའི་བཀོད་སྒྲིག་ཐད་དུ་གཞུང་སྒྲུབ་ཁང་གི་མི་སྣ་དག་གིས་ཇུས་འགོད་གང་ལེགས་བྱས་ཏེ་དགེ་སློབ་ཀུན་ལ་མཛེས་པའི་ཚོགས་རའི་ཇུས་འགོད་ཀྱི་མཛེས་རྟོག་སློབ་ཁྲིད་ཐེངས་ཤིག་བྱས་ཤིང་། ལྷག་ཏུ་སློབ་བུ་ཀུན་ལ་ཚེ་སྲོག་གཅེས་སྲུང་། རང་བྱུང་གོད་ཆག་གི་མྱོང་བ། བྱམས་བརྩེ་གཞན་གཅེས་སོགས་ཀྱི་འདུ་ཤེས་བསྐྲུན་པའི་སློབ་གསོའི་སྟེགས་བུ་བསྐྲུན་ཞིང་། འཛིན་གྲྭ་སོ་སོ་ནས་ཐོན་པའི་སློབ་བུ་དག་གི་བརྩེ་བས་ཕྱུག་ཅིང་། འགྱུར་ཁུགས་ལྡན་པའི་གྱེར་འདོན་གྱིས་ཀུན་ལ་དྲན་གདུང་དང་སྐྱོ་ངལ་ཆེན་པོའི་མྱོང་བ་རེ་བསླངས་ཤིང་། ཞོར་དུ་སློབ་བུའི་གྱེར་འདོན་ཤེས་བྱའི་ཐད་དུ་མཉམ་མྱོང་བརྗེ་རེས་བྱེད་པའི་སློབ་སྦྱོང་གི་གོ་སྐབས་ཐེགས་ཤིག་བསྩལ།།