མདུན་ཤོག- རིག་གནས་འཚོ་བ།- རིག་གནས་འགྱུར་སྟངས།

བོད་ལྗོངས་སུ་སློབ་མའི་འཚོ་བཅུད་ལེགས་བཅོས་འཆར་གཞི་ཁྱབ་གདལ་བཏང་བ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2012-04-13 10:31

ཉེ་ཆར་གསར་འགོད་པས་རང་སྐྱོང་ལྗོངས་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་འབྲོག་ཁུལ་གྱི་སློབ་མའི་འཚོ་བཅུད་ལེགས་སུ་བཏང་ནས་སློབ་མའི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་ཆེད་ད་ལོའི་དཔྱིད་ཀའི་སློབ་དུས་ནས་བཟུང་རང་ལྗོངས་སུ་ཞིང་འབྲོག་ཁུལ་གྱི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་བཅོས་འཆར་གཞི་སྒོ་ཀུན་ནས་ཁྱབ་གདལ་དུ་བཏང་བ་རེད། །

ཤེས་རྟོགས་བྱུང་བ་ལྟར་ན། ད་ལོའི་དཔྱིད་ཀའི་སློབ་དུས་ནས་བཟུང་ལྗོངས་ཡོངས་ཀྱི་རྫོངགྲོང་ཁྱེར་དང་།ཁུལ།མཚེའུ་གཉིས་ཀྱི་དམིགས་བསལ་ཁུ”74ཡི་ཞིང་འབྲོག་ཁུལརྫོང་མཁར་ཚུད་མེདགྱི་འོས་འགན་སློབ་གསོའི་སློབ་གྲྭ་ཚང་མར་ཞིང་འབྲོག་ཁུལ་གྱི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་བཅོས་འཆར་གཞི་སྒོ་ཀུན་ནས་ཁྱབ་གདལ་བཏང་བ་དང་ཚད་གཞི་ནི་སློབ་མ་རེར་ཉིན་རེར་སྒོར༣དང་ལོ་ཧྲིལ་བོར་ཉིན200ལྟར་གཏན་འཁེལ་བྱས་ཏེ་ཁྱོན་སྒོར600ཡིན་པ་རེད། །