མདུན་ཤོག- རིག་གནས་འཚོ་བ།- རིག་གནས་འགྱུར་སྟངས།

མཚོ་སྔོན་ཞིང་ཆེན་གྱིས་ཚན་རྩལ་ཤེས་ལྡན་པ་ཕུལ་བྱུང་ལ་སྒོར་ཁྲི175ཡི་བྱ་དགའ་སྤྲད་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2012-04-12 11:09

མཚོ་སྔོན་ཞིང་ཆེན་གྱིས་ཚེས9ཉིན2011ལོའི་ཚན་རིག་ལག་རྩལ་བྱ་དགའི་ཚོགས་ཆེན་སྐོང་ཚོགས་བྱས་ཏེ་ཚྭ་མཚེའུ་རྫས་འགྱུར་བཟོ་ལས་དང་རྒྱུ་ཆའི་ཚན་རིག་ལག་རྩལ་ཐད་ལེགས་སྐྱེས་མངོན་གསལ་འབུལ་མཁན་ཀྲུང་གོ་ཚན་རིག་ཁང་མཚོ་སྔོན་ཚྭ་མཚེའུ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་མ་ཕེ་ཧྭར་སྒོར་ཁྲི༥༠ཡི་ཚན་རྩལ་ལེགས་སྐྱེས་གལ་ཆེན་གྱི་བྱ་དགའ་ཐོབ་ཅིང་། དེ་དང་ཆབས་ཅིག་ད་དུང་ཚན་རྩལ་གྲུབ་འབྲས་ཁག25ལ་བྱ་དགའི་དངུལ་སྒོར་ཁྲི114ཡི་བྱ་དགའ་ཐོབ་པ་རེད། །