མདུན་ཤོག- རིག་གནས་འཚོ་བ།- རིག་གནས་འགྱུར་སྟངས།

མཚོ་སྔོན་ཞིང་ཆེན་སློབ་གསོ་འཕེལ་རྒྱས་ཐེབས་རྩ་ཚོགས་པས་སློབ་གསོའི་རོགས་དངུལ་སྟེར་བའི་ལས་གཞི་བཞི་བཅུ་གཏན་ལ་ཕབ་པ།

  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2012-04-12 11:06

ཟླ་བཞི་བའི་ཚེས་དྲུག་ཉིན། མཚོ་སྔོན་ཞིང་ཆེན་སློབ་གསོ་འཕེལ་རྒྱས་ཐེབས་རྩ་ཚོགས་པས2012ལོའི་སློབ་གསོའི་རོགས་དངུལ་སྟེར་བའི་ལས་གཞི་བཞི་བཅུ་བསྒྲུབ་རྒྱུ་གཏན་ལ་ཕབ་པ་དང་། འགྲོ་སོང་གི་སྤྱིའི་རིན་ཐང་སྒོར་མོ་ས་ཡ་དྲུག་དང་འབུམ་དགུ་ཁྲི་བདུན་ལྷག་རེད། སློབ་གསོའི་རོགས་དངུལ་སྟེར་བའི་ལས་གཞི་བཞི་བཅུ་ནི། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་བྱིས་གཉོར་ཁང་ལ་སློབ་ཁྲིད་རྩེད་ཆས་བསྒྲིག་པའི་ལས་གཞི་དང་། ཡུལ་ཤུལ་ཁུལ་གནོད་ཐེབས་ས་ཁུལ་གྱི་དཀའ་ཁག་ཆེ་བའི་ཁྱིམ་ཚང་གི་མཐོ་འབྲིང་སློབ་མ་དྲུག་བརྒྱ་དང་གཉིས་ལ་སྟེར་ཐེངས་གཅིག་གིས་སློབ་གསོའི་རོགས་དངུལ་སྒོར་སྟོང་རེ་སྟེར་བ། ཡུལ་ཤུལ་གནོད་ཐེབས་ས་ཁུལ་གྱི་གནོད་འཚེ་དང་ནད་ཡམས་ལས་དབུལ་ཕོངས་སུ་གྱུར་བའི་ཁྱིམ་ཚང་གི་དགེ་རྒན་གྱ་ལྔ་ལ་སྟེར་ཐེངས་གཅིག་གིས་སློབ་གསོའི་རོགས་དངུལ་སྒོར་སྟོང་གཉིས་རེ་སྟེར་བ། ཡུལ་ཤུལ་གནོད་ཐེབས་ས་ཁུལ་གྱི2012ལོའི་མཐོ་རྒྱུགས་འཕྲོད་དེ་མཐོ་རིམ་སློབ་གྲྭ་ན་སློབ་གཉེར་བྱེད་བཞིན་པའི་དཀའ་ཁག་ཆེ་བའི་སློབ་གྲྭ་ཆེན་མོ་བ་བརྒྱ་ལ་སྟེར་ཐེངས་གཅིག་གིས་སྒོར་མོ་སྟོང་ལྔ་རེ་སྟེར་བ་སོགས་ལས་གཞན། ཧོང་ཀྲུང་རྫོང་ཧེ་ཙི་ཀིག་ཞང་དཀྱིལ་སྙིང་སློབ་གྲྭའི་རྩིས་འཁོར་དྲ་བའི་སློབ་ཁང་འཛུགས་སྐྲུན་ལས་གཞི་དང་། ཧུའུ་ཀྲུའུ་རྫོང་སློབ་འབྲིང་དང་པོའི་ལི་ཀྲི་འཛིན་གྲྭའི་སྦྱངས་འབྲས་ལེགས་པའི་སློབ་མ་ཞེ་ལྔ་ལ་སློབ་གསོའི་རོགས་དངུལ་བྱ་དགའ་བ་སྟེར་བ་སོགས་རེད།

      རྒྱུས་ལོན་པ་ལྟར་ན། 2011ལོར།ཐེབས་རྩ་ཚོགས་པ་དེས་སྤྱི་ཕན་ལས་དོན་གྱི་ཐད་ལ་བསྡོམས་པས་འགྲོ་སོང་སྒོར་མོ་ས་ཡ་བདུན་དང་འབུམ་ལྔ་ཁྲི་གསུམ་ལྷག་བཏང་། །