མདུན་ཤོག- རིག་གནས་འཚོ་བ།- རིག་གནས་འགྱུར་སྟངས།

བོད་ལྗོངས་ཆབ་མདོ་བྱམས་པ་གླིང་དགོན་དུ་གྲངས་ཚད་བརྙན་འཕྲིན་དངོས་སུ་ཤར་གཏོང་ཐུབ་པ་བྱུང་བ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2012-04-10 10:29

      ཉིན་ཤས་སྔོན་དུ། བོད་ལྗོངས་ཆབ་མདོ་ས་ཁུལ་གྱི་བྱམས་པ་གླིང་དགོན་དུ་གྲངས་ཚད་བརྙན་འཕྲིན་དངོས་སུ་ཤར་གཏོང་ཐུབ་ཡོད་པ་རེད།

ད་ལྟའི་བར་དུ། བྱམས་པ་གླིང་དགོན་དུ་གྲྭ་ཤག800དང་། མི་ཚོགས་འདུ་ས6བཅས་ཡོད། གྲངས་ཚད་བརྙན་འཕྲིན་འོད་རྒྱུས་བརྒྱུད་ནས་གྲངས་ཚད་བརྙན་འཕྲིན་གྱི་འཕྲུལ་འཁོར་སྒམ་ཆུང་སྒྲིག་སྦྱོར་དང་། གཤེར་ཤེལ་བརྙན་འཕྲིན་བགོ་སྤྲོད་བྱས་པ་རེད། དེ་དག་ཐོག་མར་འཁོར་སྐྱོད་བྱས་པ་བརྒྱུད་ལེ་ཚན་གྱི་བརྡ་རྟགས་གསལ་པོ་ཡོད་པ་མ་ཟད། གཟུགས་བརྙན་དང་སྒྲའི་གསལ་ཚད་གསལ་པོ་བྱུང་བས་གྲངས་ཚད་བརྙན་འཕྲིན་གྱི་སྒྲིག་སྦྱོར་གྱི་ཆ་རྐྱེན་དང་ཡོངས་སུ་མཐུན།

བྱམས་པ་གླིང་དགོན་གྱི་སྐུ་ཤོ་རྒོད་གཡུང་གིས་གསུངས་དོན། “ད་ཆ་ང་ཚོའི་དགོན་པར་ཆུ་དང་གློག་དྲངས་ཡོད་པ་མ་ཟད། གྲངས་ཚད་བརྙན་འཕྲིན་ཡང་སྒྲིག་སྦྱོར་བྱས་ཡོད་པས་ང་ཚོའི་སེམས་ནང་ཧ་ཅང་གི་དགའ་བོ་འདུག”གསུངས་བྱུང་།

  བྱམས་པ་གླིང་དགོན་གྱི་དགོན་པའི་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ཧྲུའུ་མིང་ཅང་གིས་ངོ་སྤྲོད་བྱས་པར་གཞིགས་ན། དུས་ཚོད་ཟླ་བ་གཅིག་གི་ནང་གྲངས་ཚད་བརྙན་འཕྲིན་ཆ་ཚང་སྒྲིག་སྦྱོར་ཐུབ་པ་བྱུང་། བྱམས་པ་གླིང་གི་“དགུ་ལྡན་”ལས་གྲྭ་ཡོངས་རྫོགས་རེ་བ་ལྟར་བསྒྲུབས་ནས་ཚང་མ་དོན་འཁྱོལ་ཐུབ་པ་བྱུང་ཡོད་ཅེས་གསུངས། །