མདུན་ཤོག- རིག་གནས་འཚོ་བ།- རིག་གནས་འགྱུར་སྟངས།

བོད་ལྗོངས་ཀྱི་གར་སྟེགས་སྒྱུ་རྩལ་གྱི་པར་རིས་བརྩམས་བྱ་ཐོག་མ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།    2012-04-10 10:26

        ཚེས3ཉིན་གྱི་སྔ་དྲོར། ༼ངོ་མཚར་བའི་སྐད་ཅིག་མ-----རི་ནའི་བོད་ལྗོངས་གར་སྟེགས་སྒྱུ་རྩལ་པའི་པར་རིས་ཕྱོགས་བསྡུས༽ཀྱི་ཐོག་མའི་འགྲེམ་སྤེལ་མཛད་སྒོ་ལྷ་སར་ཚོགས་པ་རེད། པར་རིས་ཕྱོགས་བསྡུས་འདིར་ཉེ་བའི་ལོའི་ནང་བོད་ལྗོངས་ཀྱི་གར་སྟེགས་སྒྱུ་རྩལ་པའི་རྣམ་པ་ཆ་ཚང་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་བཀོད་ཡོད་པ་མ་ཟད། བོད་ལྗོངས་ཀྱི་གར་སྟེགས་སྒྱུ་རྩལ་པའི་པར་རིས་དཔེ་སྐྲུན་བརྩམས་བྱའི་སྟོང་ཆ་ཁ་སྐོང་བྱས་ཡོད་པ་རེད།

 དེབ་འདིའི་རྩོམ་པ་པོ་བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པའི་ཆེད་ལས་པར་ལེན་མཁས་ཅན་རི་ནས་གསུངས་པར། ༼ངོ་མཚར་བའི་སྐད་ཅིག་མ-----རི་ནའི་བོད་ལྗོངས་གར་སྟེགས་སྒྱུ་རྩལ་པའི་པར་རིས་ཕྱོགས་བསྡུས༽ནང་ལྗོངས་ཡོངས་ཀྱི་ཆེད་ལས་རིག་རྩལ་ཚོགས་པ་དང་དམངས་ཁྲོད་རིག་རྩལ་ཚོགས་པ། རིགས་ཁག་གི་ལས་ཞོར་རིག་རྩལ་རུ་ཁག་གི་གར་སྟེགས་སྟེང་གསལ་པོར་མངོན་པའི་གླུ་གར་དང་བོད་ཀྱི་ལྷ་མོ། གཏམ་བརྗོད་ཟློས་གར་སོགས་རིག་རྩལ་གྱི་བརྩམས་བྱ་མང་པོ་འཁྲབ་སྟོན་བྱེད་པའི་སྐད་ཅིག་མའི་པར་རིས་ཁྱོན༥༢༦ཡོད་པ་དང་། ཆ་ཚང་ལ་དོན་དངོས་དང་མཐུན་པར་ཉེ་བའི་ལོའི་ནང་བོད་ལྗོངས་ཀྱི་གར་སྟེགས་སྒྱུ་རྩལ་ལ་ཤུགས་ཆེའི་འགྱུར་ལྡོག་དང་དར་རྒྱས་བྱུང་བའི་སྣང་ཚུལ་དག་མངོན་པར་བྱས་ཡོད་པ་རེད།

 བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པའི་འབྲེལ་ཡོད་མི་སྣས་ངོ་སྤྲོད་གནང་བར་གཞིགས་ན། བོད་ལ་ཞི་བས་བཅིངས་འགྲོལ་བཏང་རྗེས་བོད་ལྗོངས་ཀྱི་རིག་གནས་བྱ་བཞག་ལ་ཟམ་མི་ཆད་པར་འཕེལ་རྒྱས་ཕྱིན་ནས་གླུ་གཞས་དང་གླུ་དབྱངས། བོད་ཀྱི་ལྷ་མོ་སོགས་གཙོ་བོར་བྱས་པའི་གར་སྟེགས་རིག་རྩལ་ཐད་ལ་སྔར་མེད་ཀྱི་གསོན་ཤུགས་གསར་པ་རྒྱས་ནས།  མི་དམངས་མང་ཚོགས་ཀྱི་དགའ་བསུ་དང་དགའ་པོ་བྱེད་པའི་ཕུལ་བྱུལ་གི་རིག་རྩལ་ལེ་ཚན་མང་དག་དར་སྤེལ་བཏང་བས། བོད་ལྗོངས་སྤྱི་ཚོགས་རིང་ལུགས་རིག་གནས་ལས་དོན་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་བཏང་ཡོད་པ་རེད། ཆ་ཚང་བའི་སྒོ་ནས་བོད་ལྗོངས་གར་སྟེགས་རིག་རྩལ་གྲུབ་འབྲས་ཐོག་མར་མངོན་པའི༼ངོ་མཚར་བའི་སྐད་ཅིག་མ-----རི་ནའི་བོད་ལྗོངས་གར་སྟེགས་སྒྱུ་རྩལ་པའི་པར་རིས་ཕྱོགས་བསྡུས༽དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེས་འབྲེལ་ཡོད་བོད་ལྗོངས་གར་སྟེགས་སྒྱུ་རྩལ་གྱི་ངོ་མཚར་ཟིན་ཐོར་འགོད་པ་ཙམ་མ་ཟད་དེ་བས་བོད་ལྗོངས་རིག་རྩལ་བྱ་གཞག་འཕེལ་རྒྱས་དང་དར་སྤེལ་གྱི་དཔང་རྟགས་ཞིག་ཀྱང་ཡིན་པ་རེད།