མདུན་ཤོག- རིག་གནས་འཚོ་བ།- རིག་གནས་འགྱུར་སྟངས།

རྒྱལ་ནང་གི་ཐོག་མའི་ཉི་བོད་ཨམ་ཕྲག་ཚིག་མཛོད་འགྲེམ་སྤེལ་བྱས་པ།

རྩོམ་པ་པོ། རིག་འཛིན་ཚེ་རིང་།    2011-05-05 12:06

མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་ཚོགས་ཨང་བདུན་ཅུ་དོན་གཉིས་པ།
ཉི་བོད་ཨམ་ཕྲག་ཚིག་མཛོད་འདི་ནི་བཀྲ་ཤིས་ཚེ་རིང་དང་སྟག་འབུམ་རྒྱལ། པདྨ་རྡོ་རྗེ་བཅས་ཀྱིས་མི་རིགས་གཞན་གྱི་རིག་གནས་དང་ལག་རྩལ་སློབ་པ་ལ་དམིགས་ནས་ཆེད་དུ་བསྒྲིགས་པ་ཞིག་ཡིན། ཚིག་མཛོད་འདིར་རྒྱུན་སྤྱོད་ཀྱི་མིང་བརྡ་རིམ་པ་དང་པོའི་ཉི་སྐད་ནུས་པའི་རྒྱུགས་གཞིར་འབྱུང་སླ་བའི་མིང་བརྡ་ཆིག་ཁྲི་ཙམ་བསྡུས་ཡོད་ལ། མིང་བརྡ་འགྲེལ་སྐབས་དཔེ་བརྗོད་བཀོད་དེ་གོ་བདེ་བར་བྱས་ཡོད་པས། རྒྱ་ཆེ་བའི་ཉི་ཧོང་སྐད་སློབ་མཁན་ལ་མཚོན་ན། དགོས་མཁོ་ཧ་ཅང་ཆེ་བའི་སྐད་གཉིས་ཚིག་མཛོད་ཅིག་རེད། །