ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་བདེ་ཆེན་ཁུལ་གྱི་གནས་སྐོར་ཡུལ་ལྗོངས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-08-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།


 ཆུ་དཀར་ཆུ་ནག

ཆུ་དཀར་ཆུ་ནག་ནི་སེམས་ཀྱི་ཉི་ཟླ་རྫོང་སན་པཱ་ཤང་དུ་ཆགས་ཡོད་ཅིང་།རྫོང་མཁར་གྱི་བར་ལ་སྤྱི་ལེ101ཡོད་པ་དང་རྒྱ་མཚོ་ངོས་ལས་མཐོ་ཚད་སྨི2380ཟིན་པ།འཇང་རིགས་ཀྱི་སྟོན་པའི་ཆོས་ལུགས་ཀྱི་འབྱུང་གནས་ཡིན།འབའ་སྡེའི་ཆུ་དཀར་ཆུ་ནག་དེ་རྒྱང་རིང་ནས་བལྟས་ན།སྐས་ཞིང་དང་འདྲ་ཞིང་།ཉི་འོད་ཀྱི་འོག་དུ་ད་དུང་རི་མོ་ནང་གི་རྦབ་ཆུ་ཞིག་དང་ཀུན་ནས་མཚུངས།

སྟག་མཆོང་གྲོག་རོང་།

སྟག་མཆོང་གྲོག་རོང་ནི་ཀྲུང་གོའི་གཏིང་ཚད་ཆེས་མཐོ་བའི་གྲོག་རོང་ཞིག་ཡིན།དེ་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་དུ་གནས་པ་དང་།རྫོང་མཁར་གྱི་བར་ལ་སྤྱི་ལེ105ཡོད་དེ།གཡང་གཟར་ཆེ་བས་འཛམ་གླིང་དུ་གྲགས་པ་རེད།སྟག་མཆོང་གྲོག་རོང་ནི་སྟོད་ཀྱི་སྟག་མཆོང་གྲོག་རོང་དང་།བར་གྱི་སྟག་མཆོང་གྲོག་རོང་།སྨད་ཀྱི་སྟག་མཆོང་གྲོག་རོང་བཅས་ཁག་གསུམ་དུ་བགོས་ཡོད་ལ།ཉེན་ཆེའི་གྲམ་པ་ཁྱོན་བསྡོམས་ཁག18ཡོད།འབྲི་ཆུའི་ངོས་ཀྱི་ཆེས་དོག་ས་སྨིད་30ལས་མེད།འབྲི་ཆུ་ཡུས་ལུང་དང་ཧ་པཱ་མང་རི་གཉིས་ཀྱིས་ཁྱེར་ཏེ།རྒྱ་མཚོའི་ངོས་ལས་མཐོ་ཁྱད་སྨི3900ཟིན་པ།གྲོང་རོང་གི་གཏིང་ཚད་དེ་འཛམ་གླིང་གི་སྔོན་གྲལ་དུ་གནས་ཡོད།

1504150570452216.jpg

གཞན་ཡང་སྟག་མཆོང་གྲོང་རོང་གི་ལྗོངས་ཁུལ་ནི་གྲོང་རོང་གི་ལྗོངས་ཁུལ་དང་རི་བོའི་ལྗོངས་ཁུལ་གཉིས་སུ་བགོས་ཆོག་པ་དང་། གོང་དུ་གསལ་བའི་སྟོད་མ་དང་བར་མ།  སྨད་ཀྱི་སྟག་མཆོང་གྲོང་རོང་བཅས་ནི་གྲོག་རོང་གི་ལྗོངས་ཁུལ་ཡིན།རི་བོའི་ལྗོངས་ཁུལ་ནི་རྐང་ཐང་དུ་མཐོང་བའི་ཧ་པཱ་གངས་རི་ལྗོངས་ཁུལ་དེ་རེད།

འབྲི་ཆུའི་ཀྱོག་གུག་དང་པོ།

འབྲི་ཆུའི་ཀྱོག་གུག་དང་པོ་ནི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གི་ལྷོ་ཕྱོགས་ཧྲང་སུང་པི་གྲོང་སྡེ་དང་ས་ཐང་གྲོང་ཁྱེར་གྱི་རྡོ་རྔ་རོང་གྲོང་རྡལ་གཉིས་ཀྱི་བར་དུ་གནས་ཡོད།རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི1850ཡོད།སེམས་ཀྱི་ཉི་ཟླ་རྫོང་མཁར་ནས་ས་ཐག་ལེ་དབར130ཡོད།གཞུང་ལམ་ཤར་རྒྱག་ཐུབ་པ།ལེ་དབར་ཁྲི་དང་ལྡན་པའི་འབྲི་ཆུས་འཛམ་གླིང་གི་ཡང་རྩེ་མཚོ་བོད་ས་མཐོ་བརྒྱུད་ནས་འབའ་ཐང་རྫོང་གི་ས་ཁུལ་ནས་ཡུན་ནན་གྱི་ས་ཁོངས་སུ་འབབ་པ།  རྫ་ཆུ་དང་རྒྱལ་མོ་རྔུལ་ཆུ་མཉམ་དུ་འཕྲེད་རྒྱུག་རི་རྒྱུད་དུ་བརྒལ་ནས་བབ་པ།སེམས་ཀྱི་ཉི་ཟླ་རྫོང་གི་ཧྲང་སུང་པི་གྲོང་སྡེའི་མཚམས་ནས།གློ་བུར་དུ་འཇལ་གྲངས་ཏུའུ100ལྷག་གི་ཁ་འཁོར་ནས་ཤར་བྱང་ཕྱོགས་སུ་འགྲོ་བ་དང་།མཐོང་རྒྱུ་ཧ་ཅང་དཀོན་པའི་གཟུགས་དབྱིབས་Vདང་ཆགས་པ་རེད།   མི་རྣམས་ཀྱིས་གནས་ཚུལ་ངོ་མཚར་ཅན་འདི་ལ་འབྲི་ཆུའི་ཀྱོག་གུག་དང་པོ་ཞེས་མིང་བཏགས་ཡོད།

ཆུ་ཤུགས་རྒྱ་ཆེ་བ།གཙང་ཆུ་སྔོ་སེང་སེང་།ཕྱོགས་གཉིས་ལ་ལྕང་མ་སྐྱེས་པ།གནས་འདི་ནི་འབྲི་ཆུའི་ཁུག་སོ་དང་པོ་ནུབ་ཁའི་ཉི་མ་ལྟ་བུའི་ས་གནས་ཡག་པོ་ཞིག་ཡིན།ཧྲང་སུང་པི་གྲོང་སྡེ་རྒྱབ་ཀྱི་རི་བོ་ལ་འཛེག་ན་འབྲི་ཆུའི་ཀྱོག་གུག་དང་པོ་ཡོངས་སུ་མཐོང་ཐུབ་པ།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།