གནས་ སྐོར་ པས་ དུས་ ཚོད་ ཐུང་ ཐུང་ དང་ སྒོར་ མོ་ ཉུང་ ཉུང་ སྤྱད་ ནས་ ཡིད་ ཚིམ་ པའི་ གནས་ སྐོར་ ཞིག་ ལོངས་ སུ་ སྤྱོད་ ཆེད། རང་ ཞིང་ གི་ གནས་ སྐོར་ «འཆར་ གཞི »ལྟར་ སྐྱེ་ ཁམས་ གནས་ སྐོར་ ལམ་ ཐིག་ ཡག་ ཤོས་ བརྒྱད་ དུ་ བགོས་ པ་ གཤམ་ ལྟར།
༡ རྨ་ ཆུ་ འབྱུང་ ཡུལ་ གྱི་ ཚན་ རིག་ རྟོག་ ཞིབ་ ལམ་ ཐིག
ལམ་ ཐིག་ འདི་ རྒྱལ་ ལམ་ 214པའི་ སྟེང་ ནས་ ལམ་ ལ་ ཆས་ ཏེ། ཞིང་ ཆེན་ གཞུང་ ལམ་ གྱི་ སྟེང་ ནས་ རྨ་ འབྲི་ རྫ་ གསུམ་ འབྱུང་ ཡུལ་ བྱང་ རྒྱུད་ འཕྲེད་ དུ་ བརྒྱུད་ ནས་ འགྲོ་ དགོས། དེ་ ནི་ མཚོ་ ལྷོ་ དང་ མགོ་ ལོག ཡུས་ ཧྲུའུ་ བཅས་ བོད་ རིགས་ རང་ སྐྱོང་ ཁུལ་ བརྒྱུད་ ནས་ ཐད་ ཀར་ རྒྱལ་ ལམ 109བའི་ སྟེང་ དུ་ ཐོན་ པ་ ཡིན། རྒྱལ་ ལམ་ བརྒྱུད་ ནས་ བྱང་ ཕྱོགས་ སུ་ བསྐྱོད་ ན་ ན་ གོར་ མོར་ ཐོན་ པ་ དང་། ལྷོ་ ཕྱོགས་ སུ་ སོང་ ན་ འབྲི་ ཆུའི་ འབྱུང་ ཡུལ་ དང་ བོད་ ལྗོངས་ སུ་ ཐོན་ པ་ དང་། གུང་ ཧི་ ནས་ སོང་ ན་ རྨ་ ཆུའི་ འགྲམ་ བརྒྱུད་ ནས་ འགྲོ་ དགོས་ ལ། དེའི་ སྐབས་ སུ་ ཁྱེད་ ཀྱིས་ རྨ་ ཆུའི་ འབྱུང་ ཡུལ་ གྱི་ མཚོ་ སྐྱ་ རེངས་ དང་ སྔོ་ རེངས་ དང་ འབྱུང་ ཡུལ་ གྱི་ ཆུ་ ཕྲན། བརླན་ སའི་ རྩྭ་ ཐང་ སོགས་ རིགས་ མང་ པོའི་ སྐྱེ་ ཁམས་ ཁོར་ ཡུག་ དང་ བོད་ རིགས་ རིག་ གནས་ ཀྱི་ གསང་ བ་ ལྐོག་ གྱུར་ བཅས་ རོལ་ མྱོང་ བྱེད་ ཐུབ།
༢ འབྲི་ ཆུའི་ འབྱུང་ ཡུལ་ གྱི་ ཚན་ རིག་ རྟོག་ ཞིབ་ ལམ་ ཐིག
ལམ་ ཐིག་ འདི་ འབྲི་ ཆུ་ འབྱུང་ ཡུལ་ ལ་ རྟོག་ ཞིབ་ བྱེད་ པའི་ ཆེས་ སྟབས་ བདེའི་ ལམ་ ཐིག་ ཅིག་ ཡིན། རྒྱལ་ ལམ་ 109བའི་ སྟེང་ ནས་ འགྲོ་ བའམ་ ཡང་ ན་ མཚོ་ བོད་ ལྕགས་ ལམ་ སྟེང་ ནས་ སོང་ ན་ ཐད་ ཀར་ འབྲི་ ཆུའི་ འབྱུང་ ཡུལ་ གྱི་ སྐུ་ ལ་ མདའ་ མདུང་ གངས་ རིར་ ཐོན་ ལ། ཤར་ ཕྱོགས་ སུ་ བསྐྱོད་ ན་ རྨ་ ཆུའི་ འབྱུང་ ཡུལ་ དང་ རྫ་ ཆུའི་ འབྱུང་ ཡུལ་ ལ་ ཐོན་ པ་ ཡིན།
3 རྫ་ ཆུའི་ འབྱུང་ ཡུལ་ གྱི་ ཚན་ རིག་ རྟོག་ ཞིབ་ ལམ་ ཐིག
རྫ་ ཆུའི་ འབྱུང་ ཡུལ་ གང་ ཡིན་ པ་ ད་ རུང་ གཏན་ འཁེལ་ བྱས་ མེད། མཇུག་ སྒྲིལ་ མ་ ཐག་ པའི་ གཙང་ པོའི་ འབྱུང་ ཡུལ་ གྱི་ རྟོག་ ཞིབ་ མཇུག་ འབྲས་ ད་ རུང་ ཁྱབ་ བསྒྲགས་ བྱས་ མེད་ པས། སྔར་ བཞིན་ རང་ བྱུང་ གི་ གསང་ བ་ ཞིག་ ཏུ་ གྱུར་ ཡོད། དེའི་ རྐྱེན་ གྱིས་ ལམ་ ཐིག་ འདིའང་ གཙང་ བོ་ གསུམ་ གྱི་ ཚན་ རིག་ རྟོག་ ཞིབ་ ལམ་ ཐིག་ སྟེང་ ཆེས་ གི་ གདོད་ མའི་ རང་ བཞིན་ ཞིག་ རེད། རླངས་ འཁོར་ སྨུག་ གཞུང་ ཤང་ ལ་ མ་ གཏོགས་ མི་ ཐོན་ པས་ འབྱུང་ ཡུལ་ ལ་ འགྲོ་ ན་ རྟར་ ཞོན་ པའམ་ རྐང་ ཐང་ དུ་ འགྲོ་ དགོས།
4 ཨ་ ཆེན་ གངས་ རྒྱབ་ ཀྱི་ ཚན་ རིག་ རྟོག་ ཞིབ་ ལམ་ ཐིག
ལམ་ ཐིག་ འདི་ རྒྱལ་ ལམ 109བའི་ སྟེང་ ནས་ འགྲོ་ བའམ་ ཡང་ ན་ ཆུ་ དམར་ ལེབ་ ནས་ ནག་ རི་ ཆུ་ ནག་ ཁ་ བརྒྱུད་ ནས་ སོང་ ན་ མུ་ ཏིག་ ཚ་ ཆུའམ་ བསོད་ ནམས་ དར་ རྒྱས་ སྲུང་ སྐྱོང་ ས་ ཚིགས་ ལ་ ཐོན་ རྗེས། དོ་ དམ་ མི་ སྣའི་ སྣེ་ ཁྲིད་ འོག་ ཨ་ ཆེན་ གངས་ རྒྱབ་ ཀྱི་ སྐྱེ་ ཁམས་ ལ་ རྟོག་ ཞིབ་ དང་ ལྟད་ མོར་ བལྟས་ ཆོག དེའི་ སྐབས་ སུ་ རླངས་ འཁོར་ དང་ རྟ་ སོགས་ ཆེད་ སྤྱོད་ འགྲིམ་ འགྲུལ་ ཡོ་ བྱད་ དགོས།
5 བོད་ བརྒྱུད་ ནང་ བསྟན་ རིག་ གནས་ ཀྱི་ གནས་ སྐོར་ ལམ་ ཐིག
རྨ་ འབྲི་ རྫ་ གསུམ་ འབྱུང་ ཡུལ་ གྱི་ ནང་ དུ་ ཨ་ མདོ་ དང་ ཁམས་ པ་ གཉིས་ ཀྱི་ བོད་ ཁུལ་ ནང་ དུ་ འདུས་ པ་ ཡིན་ པས་ རིག་ གནས་ སྐྱེ་ ཁམས་ ཀྱི་ མཛེས་ ལྗོངས་ ཐུན་ མོང་ མ་ ཡིན་ པ་ ཡོད།
6 རྨ་ འབྲི་ རྫ་ གསུམ་ འབྱུང་ ཡུལ་ གྱི་ སྐྱེ་ ཁམས་ མ་ ལག་ ལ་ རྟོག་ ཞིབ་ བྱེད་ པའི་ ལམ་ ཐིག
རྨ་ འབྲི་ རྫ་ གསུམ་ འབྱུང་ ཡུལ་ མཐོ་ སྒང་ གི་ གྲང་ འཁྱག་ ནམ་ ཟླ་ གཙོ་ བོ་ ཡིན་ རུང་། འོན་ ཀྱང་ བཞུར་ རྒྱུན་ མི་ འདྲ་ བ་ རེ་ ལ་ ཐུན་ མོང་ མ་ ཡིན་ པའི་ སྐྱེ་ ཁམས་ མ་ ལག་ རེ་ རེ་ ལྡན།
7 མཐོ་ སྒང་ གི་ ནགས་ ཚལ་ སྐྱེ་ ཁམས་ གནས་ སྐོར་ ལམ་ ཐིག
མཐོ་ སྒང་ གི་ ནགས་ ཚལ་ ནི་ རྨ་ འབྲི་ རྫ་ གསུམ་ གྱི་ ཆེས་ རིན་ ཐང་ ཆེ་ བའི་ རང་ བྱུང་ སྐྱེ་ སྟོབས་ ཀྱི་ འབྲས་ བུ་ ཡིན། ཁྱབ་ པའི་ ས་ ཁུལ་ ཉུང་ ཞིང་ མཛེས་ ལྗོངས་ ཁྱད་ འཕགས་ ཡིན་ ཕྱིར། སྐྱེ་ ཁམས་ ཀྱི་ ནུས་ པ་ གཞན་ གྱིས་ ཚབ་ བྱེད་ དཀའ།
8 གེ་ སར་ རིག་ གནས་ སྐྱེ་ ཁམས་ གནས་ སྐོར་ ལམ་ ཐིག
གེ་ སར་ རྒྱལ་ པོའི་ སྒྲུང་ ནི་ ཀྲུང་ གོའི་ བོད་ ཁུལ་ ཡོངས་ ལ་ ཁྱབ་ ཡོད། དེའི་ ནང་ གི་ གཏམ་ རྒྱུད་ དང་ རྗེས་ ཤུལ་ མང་ པོ་ ཞིག་ རྨ་ འབྲི་ རྫ་ གསུམ་ འབྱུང་ ཡུལ་ དུ་ ཐོས་ རྒྱུ་ དང་ མཐོང་ རྒྱུ་ མང་ བ་ དང་། ལྷག་ པར་ དུ་ མགོ་ ལོག་ ན་ དེ་ ཤིན་ ཏུ་ མང་། །