ས་ སྐྱ་ དགོན་ ནི་ བོད་ ལྗོངས་ གཞིས་ རྩེ་ ཀྲོན་ ཆུས་ ཁོངས་ ཀྱི་ ས་ སྐྱ་ རྫོང་ གི་ བྱང་ ངོས་ དཔོན་ པོ་ རིའི་ འདབས་ སུ་ གནས་ ཡོད། གཞིས་ རྩེ་ གྲོང་ ཁྱེར་ ནས་ དགོན་ པ་ དེ་ བར་ སྤྱི་ ལེ་ ༡༥༠ཙམ་ སྐྱོད་ དགོས་ ཀྱི་ ཡོད། དེ་ ནི་ བོད་ རབ་ བྱུང་ དང་ པོའི་ ཆུ་ གླང་ སྤྱི་ ལོ་ ༡༠༧༣ལོར་ འཁོན་ དཀོན་ མཆོག་ རྒྱལ་ པོས་ གནས་ དེར་ གཟིགས་ སྐབས་ དཔོན་ པོ་ རི་ གླང་ ཆེན་ ཉལ་ བ་ དང་ འདྲ་ བའི་ ཁ་ དཔུང་ (མཁལ་ ཁུང་ )གཡས་ པའི་ ཐད་ ནས་ ས་ དཀར་ སེང་ གདོང་ འདྲ་ བ་ ལ་ གྲུམ་ ཆུ་ གཡས་ སུ་ འཁོར་ བ། ལྷོ་ ནི་ མཎྜལ་ སྤུངས་། ནུབ་ ཆུ་ མིག་ རྫིང་ ཁ་ རྨ་ བའི་ གདོང་ དང་ མཚུངས་ པའི་ ས་ དཔྱད་ དགེ་ བརྒྱད་ དགེ་ བཅུ་ སོགས་ བཀྲ་ ཤིས་ དགེ་ མཚན་ དུ་ མ་ ལྡན་ པ་ མཁྱེན་ ནས་ གནས་ འདིར་ དགོན་ པ་ བཏབ་ པས་ དགོན་ མིང་ དུ་ ཡུལ་ དེའི་ སའི་ ཁ་ དོག་ ལ་ གཞིགས་ ནས་ ས་ སྐྱ་ དགོན་ ཞེས་ བཏགས། ས་ སྐྱ་ གྲུམ་ ཆུའི་ ལྷོ་ བྱང་ ཁག་ གཉིས་ སུ་ དབྱེ་ བ་ ལས་ དགོན་ པ་ ལྷོ་ མ་ དེ་ ས་ སྐྱ་ གྲུམ་ ཆུའི་ ལྷོ་ ངོས་ ཐང་ གཤོངས་ སུ་ ཆགས་ ཤིང་། དགོན་ པ་ བྱང་ མ་ ནི་ གྲུམ་ ཆུའི་ བྱང་ ངོས་ དཔོན་ པོ་ རིའི་ འདབས་ སུ་ ཆགས་ ཡོད། འོན་ ཀྱང་ ས་ སྐྱ་ གྲུམ་ ཆུ་ གཙང་ པོའི་ བྱང་ གི་ ལྷ་ ཁང་ བརྒྱ་ རྩ་ བརྒྱད་ དུ་ གྲགས་ པ་ ནི་ རིག་ གནས་ གསར་ བརྗེ་ མ་ བྱུང་ གོང་ རྟེན་ དང་ བརྟེན་ པར་ བཅས་ པར་ ཉམས་ མེད་ སྔར་ བཞིན་ གནས་ མུས་ རིག་ གནས་ གསར་ བརྗེའི་ ནང་ གཏོར་ བཤིག་ ཚབས་ ཆེན་ ཕོག་ ནས་ ད་ ལྟ་ ཤུལ་ རོ་ ཙམ་ ལས་ མཐོང་ རྒྱུ་ མེད།
གྲུམ་ ཆུའི་ ལྷོ་ ངོས་ ཀྱི་ ལྷ་ ཁང་ ཆེན་ མོ་ འདི་ ཉིད་ འགྲོ་ མགོན་ ཆོས་ རྒྱལ་ འཕགས་ པའི་ སྐུ་ དུས་ སུ་ (སྤྱི་ ལོ་ ༡༢༣༥ —༡༢༨༠ )ཡོན་ གོང་ མའི་ རྒྱབ་ སྐྱོར་ འོག་ ས་ སྐྱ་ པར་ བོད་ ཡོངས་ ལ་ ཆོས་ སྲིད་ ཀྱི་ ལུང་ བསྒྱུར་ བའི་ དབང་ ཆ་ ཐོབ་ རྗེས་ དཔོན་ ཆེན་ ཤཱཀྱ་ བཟང་ པོས་ བོད་ ཁྲི་ སྐོར་ བཅུ་ གསུམ་ ལས་ ལ་ བསྐུལ་ ནས་ བོད་ རབ་ བྱུང་ ལྔ་ པའི་ ས་ འབྲུག་ སྤྱི་ ལོ་ ༡༢༦༨ལོར་ གསར་ བཞེངས་ ཀྱིས་ ཕྱིས་ སུ་ རྒྱས་ སྐྲུན་ རིམ་ པ་ བྱས་ ནས་ ད་ ལྟའི་ གཞི་ ཁྱོན་ འདི་ ལྟ་ བུ་ ཆགས་ པ་ ཡིན། དེ་ ཡང་ དེ་ སྔ་ ཉམས་ གསོ་ མ་ བྱས་ གོང་ ལྷ་ ཁང་ འདིར་ དངོས་ ཡོད་ ཀ་ བ་ བརྒྱ་ དང་ བཅུ་ མེད་ བརྒྱད་ ཡོད་ ཅིང་། བར་ སྒོ་ སེང་ ལྡེང་ སྒོ་ འབྲེལ་ ཡན་ ཆོད་ ལྷ་ ཁང་ ཆེན་ མོ་ གཅིག་ རང་ ཡིན་ པ། ནུབ་ ངོས་ སུ་ གྲགས་ ཅན་ གྱི་ ཀ་ བ་ བཞིའི་ ས་ ད་ ལྟའི་ འདུ་ ཁང་ དང་། ལྷོ་ ངོས་ སུ་ ཕུར་ སྒྲུབ་ ལྷ་ ཁང་། བྱང་ ངོས་ སུ་ དངུལ་ གདུང་ རིག་ འཛིན་ ལྷ་ ཁང་ བཅས་ ཐོག་ ཚད་ རང་ སོར་ བཞག་ སྟེ་ བརྩིགས་ པས་ བཅད་ དེ་ ཁང་ པ་ སོ་ སོར་ བཅོས། ལྷ་ ཁང་ བྱང་ ཤར་ ངོས་ སུ་ ཕུན་ ཚོགས་ ཕོ་ བྲང་ གི་ གདུང་ རྟེན་ ལྷ་ ཁང་ དང་། སྒྲོལ་ མ་ ཕོ་ བྲང་ གི་ ཚེས་ བཅུ་ ལྷ་ ཁང་། ཕྱག་ དཔེ་ ལྷ་ ཁང་། འོག་ ཐོག་ གི་ མཛོད་ ཁང་ ཁག་ བཅས་ ཐོག་ ཚད་ གཅིག་ ལ་ བར་ དུ་ ཐོག་ ཕིབས་ ཏེ་ ཐོག་ ཚད་ གཉིས་ ཅན་ དུ་ བཅོས་ པ་ ནི་ འོག་ ཁང་ དང་ སྟེང་ ཁང་ གཉིས་ ཀ་ བ་ གཅིག་ ཡིན་ པ་ དེང་ དུས་ ཀྱང་ གཟིགས་ གསལ་ ལྟར་ རོ། ད་ ལྟའི་ ལྕགས་ རིའི་ ཕྱི་ རོལ་ དུ་ དེ་ སྔ་ རྒྱ་ ནག་ ལྕགས་ རི་ ཞེས་ པ་ ཁུག་ འབུར་ ཅན་ གྱི་ ལྕགས་ རི་ དང་། དེའི་ ཕྱིར་ འོབ་ དོང་ ནང་ ཆུས་ བཀང་ བའི་ ལྕགས་ རི་ ཕྱི་ མ་ གཉིས་ ཡོད་ ནའང་ ཐོར་ ཞིག་ ཏུ་ གྱུར་ པས་ ད་ ལྟ་ མི་ སྣང་ ངོ་།
རབ་ བྱུང་ བཅུ་ དྲུག་ པའི་ ས་ བྱི་ སྤྱི་ ལོ་ ༡༩༤༨ལོར་ ལྷ་ ཁང་ ཆེན་ མོ་ ཉམས་ གསོའི་ སྐབས་ ཀ་ རྩ་ རུལ་ སྐྱོན་ ཅན་ རྣམས་ ལ་ རྡོའི་ ཀ་ སྟེགས་ གསར་ དུ་ བཅུག་ པ་ དང་། འདུ་ ཁང་ གི་ སྒོ་ འཕྱོར་ ལ་ རྡོའི་ ཀ་ བ་ ཁ་ ཤས་ དང་ རྡོ་ སྐས་ གསར་ སྐྲུན་ བཅས་ མཛད་ པས་ སྔ་ མའི་ རྣམ་ པར་ རིམ་ བཞིན་ འགྱུར་ བ་ བྱུང་། ལྷ་ ཁང་ ཁོ་ ནའི་ རྒྱ་ ཁྱོན་ ལ་ སྤྱི་ ཁྲེ་ གྲུ་ བཞི་ མ་ ༥༥༤༢ .༤༩ཡོད་ པ་ དང་། ཕྱི་ སྐྱའི་ ངོས་ རེའི་ དཀྱུས་ ཀྱི་ རིང་ ཚད་ ལ་ ཤར་ ནུབ་ སོ་ སོར་ སྤྱི་ ཁྲེ་ ༦༩རེ་ དང་། ལྷོ་ བྱང་ ཞེང་ ཚད་ སོ་ སོར་ སྤྱི་ ཁྲེ་ ༨༣ .༦༠རེ། ལྷ་ ཁང་ ཆེན་ མོའི་ མཐོ་ ཚད་ ས་ ངོས་ ནས་ ལན་ ཀན་ བར་ སྤྱི་ ཁྲི་ ༢༢ .༢༨ རྩིག་ ཞེང་ ལ་ སྤྱི་ ཁྲེ་ ༣ .༥༠ཡོད་ པ་ དང་། ལྷ་ ཁང་ ཁོར་ ཡུག་ ལྕགས་ རིའི་ ཕྱོགས་ མཚམས་ བརྒྱད་ ལ་ སྤེལ་ བརྒྱད་ དེ། ཤར་ སྤེལ། ལམ་ སྒོ་ སྤེལ། ཤར་ ལྷོ་ རིག་ འཛིན་ ཕོ་ བྲང་། ལྷོ་ སྤེལ། ལྷོ་ ནུབ་ ལྕོག་ མོ་ སྤེལ། ནུབ་ སྤེལ། ནུབ་ བྱང་ སོག་ པོ་ སྤེལ། བྱང་ སྤེལ། བྱང་ ཤར་ བཙུན་ མོ་ སྤེལ་ སོགས་ ཐོག་ ཚད་ གསུམ་ ཅན་ ལ་ མཐོ་ ཚད་ སྤྱི་ ཁྲེ་ ༡༦རེ་ དང་། ལྕགས་ རིའི་ མཐོ་ ཚད་ ལ་ སྤྱི་ ཁྲེ་ ༡༠བཅས་ ཡོད་ པ་ ནི་ ཚད་ འཇལ་ ཏན་ ཏིག་ ཡིན་ པར་ གསུང་ སོ། ད་ ལྟ་ དྲི་ གཙང་ ཁང་ དང་ འདུ་ ཁང་ ཆབས་ ཅིག་ ཀ་ རིང་ བཞི་ བཅུའི་ གྲས་ སུ་ གྲགས་ ཅན་ གྱི་ ཀ་ བ་ བཞི་ སྟེ། ༡ .རྒྱ་ ནག་ སེ་ ཆེན་ ཀ་ བ་ དེ་ སྦོམ་ ཚད་ སྨིད་ བཞི་ དང་ རིང་ ཚད་ སྨིད་ དྲུག་ དང་ ལི་ སྨིད་ དྲུག་ ཅུ་ ཡོད་ པ། ༢ .སྟག་ པོ་ ཀ་ བ། ༣ .འབྲོང་ པོ་ ཀ་ བ། ༤ .ནག་ པོ་ ཀ་ བ་ བཅས་ ཡོད། ༡ . འདུ་ ཁང་ གི་ རྟེན་ གཙོར་ འགྲོ་ མགོན་ ཆོས་ རྒྱལ་ འཕགས་ པས་ བཞེངས་ པའི་ ལུགས་ མའི་ ཐུབ་ ཆེན་ ཐོག་ ཚད་ མ་ དང་། དེའི་ གཡས་ ཕྱོགས་ ནས་ གོ་ རིམ་ ལྟར་ རྗེ་ ས་ པཎ་ གྱིས་ སྐྱིད་ གྲོང་ འཕགས་ པ་ ཝ་ ཏིའི་ གཙུག་ ལག་ ཁང་ དུ་ མུ་ སྟེགས་ པ་ ཕམ་ པར་ མཛད་ སྐབས་ ཀྱི་ ཡི་ དམ་ འཇམ་ དབྱངས་ རྩོད་ རྒྱལ་ མ་ ནང་ བཞུགས་ ཀྱི་ ལུགས་ མའི་ སྒྲོལ་ མ་ སྐུ་ ཚད་ ཁུ་ ཕྱེད་ གཉིས་ ཙམ་ དང་། ཇོ་ བོ་ ཨ་ ཏི་ ཤས་ གདན་ དྲངས་ པའི་ ལུགས་ མའི་ ལུང་ བསྟན་ སྒྲོལ་ མ་ བཞེངས་ སྐུ་ གཅིག ཤེལ་ སྒྲོམ་ ནང་ ས་ སྐྱའི་ ཆོས་ དུང་ དཀར་ པོ་ རྒྱང་ གྲགས། ཆོས་ རྒྱལ་ འཕགས་ པའི་ ཐུགས་ དམ་ རྟེན་ ལུགས་ མའི་ ཐུབ་ དབང་ ལྷ་ ཆེན་ དཔལ་ འབར། ས་ ཆེན་ ཀུན་ དགའ་ སྙིང་ པོའི་ སྐབས་ སུ་ བཞེངས་ པ་ འཇམ་ དབྱངས་ བསོད་ ནམས་ དབང་ ཕྱུག་ གི་ སྐུ་ དུས་ སུ་ བྱང་ ཕྱོགས་ སྐྱ་ བོ་ ཁ་ གདང་ ནས་ སྤྱན་ དྲངས་ པའི་ ལུགས་ མའི་ ཐུབ་ དབང་ གསུང་ བྱོན་ ཐོག་ ཚད་ མ། ངག་ དབང་ མཐུ་ སྟོབས་ ཀྱི་ སྐུ་ གདུང་ ཐོག་ ཚད་ མ། བླ་ ཆེན་ ཀུན་ དགའ་ རྒྱལ་ མཚན་ གྱི་ ཐུགས་ དམ་ རྟེན་ ཐུབ་ དབང་། ཤར་ པ་ རིན་ ཆེན་ རྒྱལ་ མཚན་ གྱི་ ཐུགས་ དམ་ རྟེན་ ཐུབ་ དབང་ མཛོད་ སྤུ་ དུང་ དཀར་ གཡས་ འཁྱིལ་ བ། པཎ་ ཆེན་ ཤཱཀྱ་ བཟང་ པོའི་ ནང་ རྟེན་ ལུགས་ མའི་ ཐུབ་ དབང་ ཐོག་ ཚད་ མ་ སོགས་ ཡོད།
རྟེན་ གཙོའི་ གཡོན་ ཕྱོགས་ ནས་ གོ་ རིམ་ ལྟར་ དཀར་ པོ་ རྣམ་ གསུམ་ སྟེ་ ས་ ཆེན་ ཀུན་ དགའ་ སྙིང་ པོ། སློབ་ དཔོན་ བསོད་ ནམས་ རྩེ་ མོ། རྗེ་ བཙུན་ གྲགས་ པ་ རྒྱལ་ མཚན་ གསུམ་ གྱི་ འདྲ་ སྐུ་ གསེར་ ཟངས་ ལས་ གྲུབ་ པ་ མི་ ཚད་ མ་ དང་། ཐིག་ ཆེན་ ཆོས་ ཀྱི་ བླ་ མའི་ ཐུགས་ དམ་ རྟེན་ འཇམ་ དབྱངས་ མེ་ ཐུབ་ མ། རྗེ་ བཙུན་ པད་ འབྱུང་ པའི་ ནང་ རྟེན་ ལུགས་ མའི་ བྱམས་ མགོན་ ཐོག་ ཚད་ མ། དྷྭརྨ་ པཱ་ ལའི་ རྟེན་ ལུགས་ མའི་ རྡོ་ རྗེ་ འཆང་། དཔོན་ ཆེན་ ཨག་ ལེན་ གྱི་ ཐུགས་ དམ་ གྱི་ རྟེན་ ཐུབ་ དབང་ ལུགས་ མ་ ཐོག་ ཚད་ མ། ཤར་ པ་ དུས་ འཁོར་ བའི་ ཐུགས་ དམ་ གྱི་ རྟེན་ ལུགས་ མའི་ འཇམ་ དབྱངས་ ཆོས་ འཁོར་ མ། ས་ བཟང་ པའི་ ཐུགས་ དམ་ གྱི་ རྟེན་ ལུགས་ མའི་ ཐུབ་ དབང་། སྒང་ ཀ་ བ་ རིན་ ཆེན་ དཔལ་ གྱི་ རྟེན་ ལུགས་ མའི་ ཇོ་ བོ་ ཨ་ རམ། དབུས་ སུ་ ས་ ཆེན་ ཀུན་ དགའ་ སྙིང་ པོ་ དང་། བསོད་ ནམས་ རྩེ་ མོ། གྲགས་ པ་ རྒྱལ་ མཚན་ གསུམ་ གྱི་ བཞུགས་ ཁྲི་ བསྟར་ གཅིག་ མ། དེའི་ མདུན་ ཕྱོགས་ སུ་ ས་ སྐྱ་ མཁན་ པོའི་ བཞུགས་ ཁྲི་ ཆུང་ བ་ གཅིག་ བཅས་ བཞུགས་ སོ། ༢ .འདུ་ ཁང་ གི་ གསུང་ རྟེན་ དུ་ ཡུམ་ མཆོག་ བསྟན་ འཛིན་ དབང་ མོས་ བཞེངས་ པའི་ བརྡ་ ཪྙིང་ མའི་ བཀའ་ འགྱུར་ གསེར་ བྲིས་ མ་ ཆ་ ཚང་ དང་། ཆོས་ རྒྱལ་ འཕགས་ པས་ བཞེངས་ པར་ གྲགས་ པའི་ གསེར་ ཆོས་ བཀའ་ འགྱུར་ ཆ་ ཚང་ གཅིག་ ལ་ པོད་ བརྒྱ་ དང་ བརྒྱད་ བཅས་ དང་། ལྷ་ ཁང་ འདིའི་ སྐུ་ རྟེན་ རྣམས་ ཀྱི་ སྐུ་ རྒྱབ་ ཏུ་ རྒྱལ་ བའི་ བཀའ་ འགྱུར་ པོད་ ཆེ་ ཆུང་ སྣ་ ཚོགས་ ཀྱི་ བཞུགས་ ཡུལ་ ཤིང་ གི་ དྲ་ མིག་ ནུབ་ ཏུ་ དྲ་ མིག་ བརྒྱད་ དང་། བྱང་ ཕྱོགས་ སུ་ དྲ་ མིག་ ཞེ་ བཞི། ཤར་ དུ་ དྲ་ མིག་ བཞི་ སྟེ་ བསྡོམས་ སྲིད་ དུ་ དྲ་ མིག་ ང་ དྲུག དྲ་ མིག་ ཐམས་ ཅད་ ཀྱི་ དཔངས་ སུ་ པོད་ ཆེ་ ཆུང་ སོ་ ལྔ་ ཙམ་ ཆུད་ པ་ བརྒྱད་ རེ་ སྟེ་ ཁྱོན་ དྲ་ མིག་ བཞི་ བརྒྱ་ ཞེ་ བརྒྱད་ ཡོད། དེའི་ ནང་ ཚན་ ཆོས་ རྒྱལ་ འཕགས་ པའི་ ཐུགས་ དམ་ གྱི་ རྟེན་ པོ་ ཏི་ ལྕགས་ ལུང་ མར་ གྲགས་ པ་ ནི་ གསེར་ དང་ དངུལ། དུང་། གཡུ་ བྱུར་ སོགས་ རིན་ པོ་ ཆེ་ སྣ་ ཚོགས་ ཀྱིས་ བྲིས་ པའི་ བརྡ་ ཪྙིང་ མའི་ བརྒྱད་ སྟོང་ པ་ ཡིན་ ཞིང་། ལྕགས་ ལུང་ མར་ འབོད་ པ་ ནི་ གླེགས་ ཤིང་ གི་ ཕྱོགས་ གཉིས་ ཀྱི་ སྟེང་ འོག་ ལ་ ལྕགས་ ལུང་ བརྒྱད་ ཡོད་ པས་ དེ་ ལྟར་ ཡོངས་ སུ་ གྲགས་ པའི་ པོད་ ཆེན་ དེའི་ དཔངས་ སུ་ ལི་ སྨིད་ གྱ་ དགུ། སྲིད་ དུ་ སྨིད་ གང་ དང་ ལི་ སྨིད་ བརྒྱད་ ཅུ་ ཐམ་ པ། ཞེང་ ཚད་ སྨིད་ གཅིག་ དང་ ལི་ སྨིད་ གཅིག་ ལྡན་ པའི་ པོད་ ཆེན་ དེ་ ལྟ་ བུ་ ནི་ ཤིན་ ཏུ་ མཐོང་ དཀོན་ པ་ ཡིན། གཞན་ ཡང་ དྲ་ མིག་ ནང་ དུ་ ཆོས་ རྩིག་ ཆེན་ མོ་ སྟེ་ རྒྱལ་ བའི་ བཀའ་ འགྱུར་ གསེར་ བྲིས་ དང་། དངུལ་ བྲིས། དུང་ བྲིས། གསེར་ དངུལ་ སྤེལ་ མར་ བྲིས་ པ། སྣག་ ཚས་ བྲིས་ པ་ བཅས་ ཁྱོན་ བསྡོམས་ པོད་ གྲངས་ བརྒྱད་ ཁྲི་ བཞི་ སྟོང་ ཙམ་ ཡོད་ པར་ གྲགས་ པའི་ ཁྲོད་ དུ་ པོད་ གཡག་ རྒྱབ་ མ་ དང་། མཛོ་ རྒྱབ་ མ། དྲེལ་ རྒྱབ་ མ་ ཞེས་ པ་ སོགས་ པོད་ ཆེ་ ཆུང་ སྣ་ ཚོགས་ ཡོད་ པ་ རྣམས་ བརྡ་ རྙིང་ མའི་ བྲིས་ མ་ ཞེ་ ཅིག་ ཡིན་ པས་ ཆོས་ རྩིག་ དེ་ ལྟ་ བུ་ ནི་ བོད་ ས་ ཁུལ་ གང་ དུའང་ མ་ མཆིས་ པའི་ ངོ་ མཚར་ ཆེ་ བའི་ རིག་ རྫས་ ཡིན་ ཞིང་། ཁ་ རྒྱུན་ དུ་ ཕྱིའི་ རྩིག་ པ་ ཞིག་ ཀྱང་ ནང་ གི་ ཆོས་ རྩིག་ མི་ ཞིག་ ཅེས་ བཤད་ སྲོལ་ ཡོད་ དོ། ༣ .འདུ་ ཁང་ གི་ ཐུགས་ རྟེན་ དུ་ རབ་ བྱུང་ བཅུ་ དྲུག་ པའི་ ལྕགས་ སྟག་ (སྤྱི་ ལོ་ ༡༩༥༠ )ལོར་ ཕུན་ ཚོགས་ ཕོ་ བྲང་ གི་ བདག་ མོ་ ཡོན་ ཏན་ སྒྲོལ་ མས་ འགན་ བཞེས་ ཀྱིས་ བཞེངས་ པའི་ ཕུན་ ཕོའི་ བདག་ ཆེན་ ངག་ དབང་ མཐུ་ སྟོབས་ དབང་ ཕྱུག་ གི་ གདུང་ རྟེན་ གསེར་ ཟངས་ ལས་ གྲུབ་ པའི་ བྱང་ ཆུབ་ མཆོད་ རྟེན་ ཐོག་ ཚད་ མ། ས་ ཆེན་ ཀུན་ དགའ་ བློ་ གྲོས་ ཀྱི་ གདུང་ རྟེན་ དངུལ་ ལས་ གྲུབ་ པའི་ བྱང་ ཆུབ་ མཆོད་ རྟེན་ འཛམ་ གླིང་ འོད་ གསལ་ མ། ཨེ་ ཝཾ་ བཟང་ པོའི་ མཆོད་ སྡོང་ དངུལ་ ལས་ གྲུབ་ པའི་ བྱང་ ཆུབ་ མཆོད་ རྟེན། ཇི་ བིག་ ཐེ་ མུར་ གྱིས་ བཞེངས་ པའི་ དངུལ་ ལས་ གྲུབ་ པའི་ བྱང་ ཆུབ་ མཆོད་ རྟེན། བསོད་ ནམས་ དབང་ ཕྱུག་ གི་ གདུང་ རྟེན་ གསེར་ ཟངས་ ལས་ གྲུབ་ པའི་ རྣམ་ རྒྱལ་ མཆོད་ རྟེན་ བཅས་ བཞུགས་ སོ། ལྡེབས་ བྲིས་ སྐོར་ བརྗོད་ ན་ གསེང་ གཡབ་ ལྡེབས་ ཞལ་ ཐོག་ ལམ་ འབྲས་ བླ་ མ་ བརྒྱུད་ པའི་ ལྡེབས་ བྲིས་ དང་། ལྷོའི་ ལྡེབས་ ཞལ་ དུ་ དེ་ བཞིན་ གཤེགས་ པའི་ མཛད་ བརྒྱའི་ ལྡེབས་ བྲིས་ སོགས་ ཡོད།
ལྷ་ ཁང་ ཆེན་ མོའི་ སྟེང་ གི་ ཐིག་ གཡབ་ ལྡེབས་ ཞལ་ ཐོག་ ཏུ་ བདག་ ཉིད་ ཆེན་ པོ་ བཟང་ པོ་ དཔལ་ དགུང་ གྲངས་ སོ་ བཞི་ བཞེས་ པ། རབ་ བྱུང་ ལྔ་ པའི་ ཤིང་ ལུག་ (སྤྱི་ ལོ་ ༡༢༩༥ )ལོར་ ཉིད་ ཀྱི་ ཞལ་ བཀོད་ བཞིན་ བླ་ མ་ བློ་ ཆེན་ དང་། སྦུར་ ཡེ་ ཤེས་ རྒྱལ་ མཚན་ གཉིས་ ཀྱིས་ གཙོ་ འགན་ བཞེས་ ཏེ་ རྣལ་ འབྱོར་ རྒྱུད་ མན་ གྱི་ དཀྱིལ་ འཁོར་ རིག་ བསྡུས་ སོ་ སོར་ བགྲངས་ པས་ དྲུག་ བརྒྱ་ སོ་ དགུ་ དང་། དཀྱིལ་ འཁོར་ དངོས་ ཆིག་ བརྒྱ་ ཞེ་ བརྒྱད་ ཡོད་ ཀྱང་ དེང་ སང་ ཐིག་ གཡབ་ ལྡེབས་ ཞལ་ ཐོག་ བདེ་ མཆོག་ དྲིལ་ བུ་ ལུགས་ ཀྱི་ བླུ་ བརྒྱུད་ དང་། ཀྱེ་ རྡོ་ རྗེ་ མན་ ངག་ ལུགས་ ཀྱི་ བླ་ བརྒྱུད། ལམ་ འབྲས་ ཀྱི་ བླ་ བརྒྱུད། ས་ པཎ་ ནས་ བརྒྱུད་ པའི་ སོ་ ཐར་ སྡོམ་ རྒྱུན། རྣམ་ རྒྱལ་ མཆོད་ རྟེན་ སོགས་ ཀྱི་ ལྡེབས་ བྲིས་ ཡོད། ཐིག་ གཡབ་ ནུབ་ སྐྱ་ ལ་ དཔལ་ ཀྱེ་ མན་ ངག་ ལུགས་ དང་། ཀྱེ་ རྡོར་ འབྲེལ་ ལུགས། ཀྱེ་ རྡོར་ མཚོ་ སྐྱེས་ ལུགས། ཀྱེ་ རྡོར་ ནག་ པོ་ ལུགས་ ཏེ་ བཀའ་ བབས་ བཞིའི་ དཀྱིལ་ འཁོར་ དང་། གཞན་ ཡང་ རྡོར་ དབྱིངས། དཔལ་ མཆོག་ དང་ པོ། རིགས་ འདུས། བདེ་ མཆོག་ མཁའ་ འགྲོ་ རྒྱ་ མཚོ། དུས་ འཁོར། ཀུན་ སྲོག་ རྡོ་ རྗེ་ བདག་ མེད་ མ། ཕུར་ པ། ཡང་ དག མར་ མ་ དགུ། རག་ བྱེད། ལྷ་ བཅུ་ གསུམ་ པ། ཕུར་ པ་ རྡོ་ རྗེ་ གཞོན་ ནུའི་ དཀྱིལ་ འཁོར་ ཁྲོ་ བོ་ བཅུས་ བསྐོར་ བ་ སོགས་ དཀྱིལ་ འཁོར་ དྲུག་ ཅུ་ རེ་ ལྔ་ བཞུགས།
ལྷ་ ཁང་ འདིར་ དགེ་ འདུན་ པའི་ བཞུགས་ གདན་ སྦོལ་ ཁུག་ རྒྱོང་ ཤིང་ ཁྲི་ ལྡན་ དཔངས་ སུ་ ཁྲུ་ ཕྱེད་ གཉིས་ ཅན་ ཡུག་ རིང་ ཉི་ ཤུ་ དང་། གཞན་ ཡང་ རིག་ དངོས་ ཀྱི་ གྲས་ སུ་ སྐུ་ རྟེན་ གྱི་ མདུན་ ཅོག་ ཤེལ་ ཁྲའི་ ནང་ ཡོན་ རྒྱལ་ རབས་ སོགས་ ཀྱིས་ ཕུལ་ བའི་ དཀར་ ཡོལ་ ཡུ་ རིང་ ཡུ་ ཐུང་ ཆེ་ ཆུང་ སྣ་ ཚོགས་ བརྒྱ་ ཙམ་ དང་། དཀར་ ཡོལ་ གྱི་ མི་ ཚེ་ རིང་ དང་། ཧྭ་ ཤང་། ཕྱུག་ པོ་ རྣམ་ གསུམ། གུ་ ཤ། སྦུབ་ ཆལ། བྱ་ རི་ དྭགས་ སོགས་ ཀྱི་ གཟུགས་ བཪྙན་ ཅན་ སྣ་ ཚོགས་ སྒྲིག་ བཤོམས་ བྱས་ ཡོད་ པ་ དེ་ དག་ ནི་ ལོ་ བརྒྱ་ ཕྲག་ མང་ པོའི་ སྔ་ རོལ་ གྱི་ དངོས་ རྫས་ ཪྙིང་ མ་ ཞེ་ ཅིག་ གོ།
ལྷ་ ཁང་ གཞན་ རྣམས་ ཀྱི་ སྐུ་ གསུང་ ཐུགས་ རྟེན་ སྐོར་ ལས་ དངུལ་ གདུང་ རིག་ འཛིན་ ལྷ་ ཁང་ རྒྱ་ ཁྱོན་ ཀ་ བ་ བརྒྱད། རྟེན་ གྱི་ གཙོ་ བོ་ སྔགས་ འཆང་ ཀུན་ དགའ་ རིན་ ཆེན་ གྱི་ དངུལ་ གདུང་། འཇམ་ དབྱངས་ བསོད་ ནམས་ དབང་ པོའི་ སྐུ་ གདུང་ རིལ་ པོ་ བཞུགས་ པའི་ དངུལ་ གདུང་། དེ་ བཞིན་ སྔགས་ འཆང་ གྲགས་ པ་ བློ་ གྲོས་ དང་། ཀུན་ དགའ་ དབང་ རྒྱལ། དགའ་ ཆེན་ མཐུ་ སྟོབས་ དབང་ ཕྱུག བསོད་ ནམས་ དབང་ ཕྱུག་ འཇམ་ མགོན་ ཨ་ མེས་ ཞབས་ ངག་ དབང་ ཀུན་ དགའ། བསོད་ ནམས་ གྲགས་ པ་ རྒྱལ་ མཚན། ཀུན་ དགའ་ བཀྲ་ ཤིས། བསོད་ ནམས་ རིན་ ཆེན། ཀུན་ དགའ་ བློ་ གྲོས། མཐུ་ ཆེན་ དབང་ འདུས་ སྙིང་ པོ་ བཅས་ ཀྱི་ སྐུ་ གདུང་ ཐོག་ ཚད་ མ་ བཅུ་ གཅིག་ བཅས་ བཞུགས། ལྷ་ ཁང་ འདིའི་ ལྡེབས་ ཞལ་ ཐོག་ ཏུ་ ས་ ཆེན་ གོང་ མ་ ལྔ་ དང་། རྒྱལ་ བ་ རིགས་ ལྔ། གྲུབ་ ཆེན་ བིརྦ་ པ། རིགས་ གསུམ་ མགོན་ པོ་ བཞེངས་ སྟབས་ སུ་ བཞུགས་ པ། ལྷ་ ཁང་ དེར་ བཞུགས་ པའི་ གསུང་ རྟེན་ དུ་ ལམ་ སྐོར་ སོགས་ སྡེ་ དགེ་ པར་ མ་ པོད་ བརྒྱ་ དང་ བཅུ་ གསུམ། ཙོང་ ཁ་ པའི་ གསུང་ འབུམ་ ཆ་ ཚང་། ས་ སྐྱ་ བཀའ་ འབུམ། འཇམ་ དབྱངས་ མཁྱེན་ བརྩེའི་ བཀའ་ འབུམ། ཞུ་ ཆེན་ བཀའ་ འབུམ། ངོར་ ཆེན་ བཀའ་ འབུམ་ ཆ་ ཚང་ སོགས་ ཁྱོན་ གསུང་ རབ་ སྣ་ ཚོགས་ པོད་ བདུན་ བརྒྱ་ སྐོར་ བཞུགས་ སོ།
ལྷ་ ཁང་ བྱང་ ལ་ རྒྱ་ ཁྱོན་ ཀ་ བ་ བཅུ་ གཉིས་ ཡོད་ པ་ དེའི་ ནང་ ས་ སྐྱའི་ གདུང་ བརྒྱུད་ མ་ ཡིན་ པའི་ བླ་ མ་ རྣམས་ ཀྱི་ གདུང་ རྟེན་ སྨན་ འཇིམ་ གྱི་ མཆོད་ རྟེན་ ཐོག་ ཚད་ མ་ རྣམ་ རྒྱལ་ མཆོད་ རྟེན་ དང་། བྱང་ ཆུབ་ མཆོད་ རྟེན། པད་ སྤུངས་ མཆོད་ རྟེན། ལྷ་ བབས་ མཆོད་ རྟེན་ སོགས་ ཀྱི་ དབྱིབས་ ཅན་ དྲུག་ དང་། ལྡེབས་ ཞལ་ ཐོག་ དཀྱིལ་ འཁོར་ སྣ་ ཚོགས་ ཀྱི་ བཀོད་ པ་ བཞུགས་ སོ། གཞན་ ཡང་ ཕུར་ སྒྲུབ་ ལྷ་ ཁང་ དང་། ཕུན་ ཚོགས་ ཕོ་ བྲང་ གི་ གདུང་ རྟེན་ ལྷ་ ཁང་། སྒྲོལ་ མ་ ཕོ་ བྲང་ གི་ ཚེས་ བཅུ་ ལྷ་ ཁང་ སོགས་ ཀྱི་ ནང་ དུ་ སྐུ་ གསུང་ ཐུགས་ རྟེན་ བྱིན་ ཅན་ མང་ དུ་ བཞུགས་ ཡོད།
ལྷ་ ཁང་ ཆེན་ མོའི་ གཞུང་ སྒོ་ འཛུལ་ བའི་ བར་ ཤུལ་ སྟེང་ གི་ ཕྱག་ དཔེ་ ལྷ་ ཁང་ དེ་ ལ་ ལོ་ རྒྱུས་ ཐོག་ གནོད་ འཚེ་ ཐེངས་ མང་ ཕོག་ མྱོང་ ཡང་ སྟེས་ དབང་ གིས་ ལྷག་ ལུས་ བྱུང་ བའི་ ས་ སྐྱ་ གོང་ མ་ རིམ་ ཅན་ གྱི་ བཀའ་ འབུམ་ དང་། བླ་ མ་ རིམ་ བྱུང་ གི་ རྣམ་ ཐར། ལོ་ ཙཱ་ བ་ གྲགས་ ཅན་ རྣམས་ ཀྱིས་ མཛད་ པའི་ སྒྲ་ གཞུང་ གི་ འགྲེལ་ པ། ལྷག་ པར་ དུ་ ཤིང་ ཏ་ ལའི་ ལོ་ མར་ བྲིས་ པའི་ ལཉྩ་ དང་ ཝརྟུ་ སོགས་ ཀྱི་ རྒྱ་ དཔེ་ དུ་ མ། ས་ སྐྱའི་ ལམ་ འབྲས་ ཀྱི་ སྐོར་ སོགས་ མདོར་ ན་ རིག་ གནས་ བཅུའི་ གཞུང་ ལུགས་ དགོངས་ འགྲེལ་ དང་ བཅས་ པའི་ དཔེ་ ཪྙིང་ པོ་ ཏི་ དྲུག་ སྟོང་ ལྷག་ ཙམ་ དེར་ བཞུགས་ ཡོད།
ལྷ་ ཁང་ ཆེན་ མོའི་ རྒྱལ་ སྒོ་ དང་ སེང་ ལྡེང་ སྒོ་ འབྲེལ་ གྱི་ སྒོ་ འཕྱོར་ ནང་ མ་ ལྟ་ བུ་ དེའི་ ནང་ དུ་ སྨན་ འཇིམ་ ལས་ གྲུབ་ པའི་ ཐོག་ ཚད་ ཅན་ གྱི་ ཁྲོ་ བོ་ མི་ གཡོ་ བ་ དང་ རྟ་ མགྲིན་ གཉིས་ སྒོ་ སྲུང་ གི་ ཚུལ་ དུ་ བཞུགས་ པ་ དང་། སྒོ་ འཕྱོར་ ལྡེབས་ བྲིས་ སུ་ སྲིད་ པ་ འཁོར་ ལོ་ ཐུན་ མོང་ མ་ ཡིན་ པ་ ཞིག་ བཅས་ བཞུགས་ སོ།
མདོར་ ན་ ལྷ་ ཁང་ ཆེན་ མོ་ འདི་ ཉིད་ ཐོག་ མར་ བཞེངས་ པ་ ནས་ ད་ བར་ འཁོན་ རྒྱུད་ རིམ་ བྱུང་ གིས་ ཉམས་ གསོ་ གསར་ སྐྲུན་ མཛད་ སྟབས་ ད་ ལྟའི་ གཞི་ ཁྱོན་ འདི་ ལྟར་ ཆགས་ པ་ ཡིན། ཕྱི་ ཡི་ ལྕགས་ རི་ དང་ ལྷ་ ཁང་ དངོས་ ཀྱི་ ཕྱི་ ངོས་ ལ་ ས་ ཚོན་ དམར་ སྨུག་ གསོལ་ ཡོད་ ཅིང་། ལྷ་ ཁང་ གི་ ཟུར་ བཞི་ དང་ གློ་ འབུར་ གྱི་ ཟུར་ གཉིས་ བཅས་ སུ་ གསེར་ ཟངས་ ཀྱི་ རྒྱལ་ མཚན་ དྲུག་ དང་། ལྷ་ ཁང་ ཆེན་ མོ་ དང་ ལྷ་ ཁང་ བྱང་ གི་ བར་ སྐྱའི་ སྟེང་ དུ་ གསེར་ ཟངས་ ལུགས་ མའི་ གཉྫིར་ ཉི་ མའི་ སྙིང་ པོ་ ཞེས་ པ་ ལྕགས་ ཐག་ གིས་ ཕྱོགས་ བཞིར་ བཏགས་ པ་ གཅིག་ དང་། ཤར་ ནུབ་ བྱང་ བཅས་ སུ་ གསེར་ ཟངས་ ལས་ གྲུབ་ པའི་ གཉྫིར་ རེ་ ཡོད་ པ། ཤར་ ཕྱོགས་ ཀྱི་ གཉྫི་ རའི་ གཡས་ གཡོན་ དུ་ གསེར་ ཟངས་ ལས་ གྲུབ་ པའི་ རྨ་ བ་ གཉིས་ དང་། སྤེན་ བད་ ཀྱི་ ཁོར་ ཡུག་ ཏུ་ ཤིང་ བརྐོས་ ཀྱི་ སེང་ གེ་ དང་། གསེར་ ཟངས་ ཀྱི་ སྤེན་ རྒྱན་ ཁོར་ ཡུག་ ཏུ་ ཡོད་ པའི་ སྟེང་ འོག་ ཏུ་ རླུང་ དྲིལ་ གྱིས་ བརྒྱན་ པ་ སོགས་ རྣམ་ པར་ མཛེས་ ཤིང་། ཕྱིའི་ བཀོད་ པ་ རྒྱ་ བོད་ ཧོར་ གསུམ་ གྱི་ ཨར་ སྐྲུན་ ཁྱད་ ཆོས་ གཅིག་ ཏུ་ འདུས་ པ་ ལྟ་ བས་ མི་ ངོམ་ ལ་ གནའ་ ཉམས་ དོད་ པ། ནང་ གི་ སྐུ་ གསུང་ ཐུགས་ རྟེན་ རྣམས་ ངོ་ མཚར་ ཁྱད་ དུ་ འཕགས་ པ་ བཅས་ མེས་ རྒྱལ་ སྤུན་ ཟླ་ མི་ རིགས་ དབར་ ཨར་ སྐྲུན་ སྒྱུ་ རྩལ་ སྤེལ་ རེས་ བྱས་ པའི་ འབྲས་ བུ་ དང་། རིག་ གནས་ སྤེལ་ རེས་ བྱེད་ པར་ ཡང་ ཆ་ རྐྱེན་ བསྐྲུན་ ཡོད། རིག་ གནས་ གསར་ བརྗེའི་ དུས་ ངན་ སྐབས་ རྩ་ ཆེའི་ རིག་ དངོས་ དེ་ དག་ ཐོར་ གྱར་ དུ་ སོང་ བ་ ཇི་ སྙེད་ ཅིག་ བྱུང་ ཡོད་ ཀྱང་ ད་ དུང་ གནའ་ བོའི་ རིག་ དངོས་ མི་ ཉུང་ བ་ ཞིག་ ད་ ལྟའང་ མཇལ་ རྒྱུ་ ཡོད་ པས་ རྒྱལ་ ཁབ་ ཕྱི་ ནང་ གི་ ཡུལ་ སྐོར་ བ་ དང་། རྒྱ་ ཆེའི་ དད་ ལྡན་ རྣམས་ ལ་ སྒོ་ དབྱེ་ ཡུལ་ གཙོ་ གྲས་ སུ་ གྱུར་ ཡོད།
དཔལ་ ས་ སྐྱ་ དགོན་ འདིས་ མེས་ རྒྱལ་ གྱི་ ལོ་ རྒྱུས་ དང་ རིག་ གནས་ འཕེལ་ རྒྱས་ གཏོང་ རྒྱུའི་ ཐད་ གལ་ ཆེའི་ གནས་ བབ་ བཟུང་ ཡོད་ པས་ སྤྱི་ ལོ་ ༡༩༦༡ལོ་ ནས་ བཟུང་ རྒྱལ་ ཡོངས་ ཀྱི་ གཙོ་ གནད་ རིག་ དངོས་ སྲུང་ སྐྱོབ་ སྡེ་ ཚན་ གྱི་ གྲས་ སུ་ གཏོགས་ སོ། །