འབྲས་ སྤུངས་ དགོན་ པ།
2008-December-9


| དྲ་བ་འདིར་གཟིགས་པར་Windows Vista དང་ IE 7 བཅས་སྤྱོད་རོགས་གནང་། |
![]() |
|
| མདུན་ཤོག- གནས་སྐོར། |
འབྲས་ སྤུངས་ དགོན་ པ།2008-December-9
དཔལ་ ལྡན་ འབྲས་ དཀར་ སྤུངས་ པའི་ ཆོས་ སྡེ་ འདི་ ནི་ གྲོང་ ཁྱེར་ ལྷ་ སའི་ ནུབ་ ངོས་ མཚམས་ ཀྱི་ རི་ འདབས་ སུ་ ཆགས་ ཡོད། དེ་ ནི་ འཇམ་ མགོན་ ཆོས་ ཀྱི་ རྒྱལ་ པོའི་ དངོས་ སློབ་ འཕྲིན་ ལས་ ནམ་ མཁའ་ དང་ མཉམ་ པའི་ བུ་ ཆེན་ བཞིའི་ ཡ་ གྱལ་ འཇམ་ དབྱངས་ ཆོས་ རྗེ་ བཀྲ་ ཤིས་ དཔལ་ ལྡན་ ( སྤྱི་ ལོ་ ༡༣༧༩ — ༡༤༤༩ ) གྱིས་ སྤྱི་ ལོ་ ༡༤༡༦ལོར་ ཕྱག་ བཏབ། དེ་ ཡང་ རྒྱབ་ རི་ དགེ་ འཕེལ་ དབུ་ རྩེ་ ནི་ རི་ ཆེན་ བཞིའི་ ཡ་ གྱལ་ དང་། མདུན་ དུ་ ལྷ་ སའི་ སྐྱིད་ ཆུ་ དར་ དཀར་ སྲིད་ ན་ རིང་ བ་ བཀྲམ་ པ་ ལྟ་ བུ། མཐའ་ སྐོར་ དུ་ སྲུང་ མའི་ རྟེན་ མཁར་ རྒྱུ་ སྐར་ བཀྲ་ བ་ ལྟ་ བུའི་ དབུས་ སུ་ འབྲས་ ས་ ལུ་ སྤུངས་ པ་ དང་ གཉིས་ སུ་ མེད་ པའི་ ཁྱད་ ཆོས་ ལྡན་ པའི་ དགོན་ པ་ འདི་ གསེར་ འོད་ རབ་ ཏུ་ འཕྲོ་ བའི་ རྒྱ་ ཕིབས་ དང་། གཉྫི་ ར། གདུགས། རྒྱལ་ མཚན་ གྱིས་ བརྒྱན་ པ། འདུ་ ཁང་། གཙང་ ཁང་། གཙུག་ ལག་ ཁང་ རྣམས་ མཐོ་ ཞིང་ བརྗིད་ ཆགས་ པ། གྲྭ་ སྤྱིལ་ རྣམས་ རྡོ་ ཐལ་ དཀར་ པོས་ མཛེས་ པར་ སྤྲས་ ཤིང་། གཞི་ རྒྱ་ ཆེ་ ལ་ ཁོར་ ཡུག་ ལྕགས་ རིས་ ཡོངས་ སུ་ བསྐོར་ བ་ ཞིག་ ཡོད། དེ་ ལྟར་ ཆོས་ སྡེ་ ཆེན་ པོ་ འདི་ ཐོག་ མར་ གཞི་ བཙུགས་ པ་ ནས་ བཟུང་ སྣེའུ་ རྫོང་ དཔོན་ ནམ་ མཁའ་ བཟང་ པོས་ སྦྱིན་ བདག་ མཛད་ དེ་ ཚོགས་ ཆེན་ འདུ་ ཁང་ དང་། སྔགས་ ཁང་ རྟེན་ དང་ བརྟེན་ པ་ བཅས་ པ་ དང་ གྲྭ་ སྤྱིལ་ སོགས་ མང་ དུ་ བསྐྲུན། ཆོས་ སྡེ་ ཆེན་ པོ་ འདིར་ སྐུ་ གསུང་ ཐུགས་ ཀྱི་ རྟེན་ བཞུགས་ ཚུལ་ རགས་ རིམ་ ཞིག་ བརྗོད་ ན། ཐོག་ མར་ འདུ་ ཁང་ ཆེན་ པོའི་ རྒྱབ་ ཏུ་ འཇམ་ དབྱངས་ ཆོས་ རྗེའི་ ཐོག་ མའི་ བཞུགས་ ཡུལ་ རང་ གཤོང་ སྤྱིལ་ བུ་ དང་། དེའི་ འགྲམ་ དུ་ ཐོག་ མའི་ དགེ་ འདུན་ བདུན་ གྱི་ འདུ་ ཁང་ ( ད་ ལྟ་ འཇམ་ དབྱངས་ ལྷ་ ཁང་ དུ་ གྲགས་ ) དུ་ རྟེན་ གཙོ་ འཇམ་ དབྱངས་ རང་ བྱོན་ གྱི་ སྐུ་ བཪྙན་ ཡོད་ པ་ དང་། ལྷ་ ཁང་ དེའི་ མདུན་ ཕྱོགས་ སུ་ གཞིས་ ཀ་ སྣེའུ་ དཔོན་ ནམ་ མཁའ་ བཟང་ ཁུ་ དབོན་ གྱིས་ ཐོག་ མའི་ སྦྱིན་ བདག་ མཛད་ ནས་ བཞེངས་ པའི་ འདུ་ ཁང་ དང་། དེའི་ དྲི་ གཙང་ ཁང་ གསུམ་ ནང་ རྟེན་ དང་ བཅས་ ཡོད་ པའི་ གཙང་ ཁང་ དབུས་ མའི་ ནང་ དུ་ དུས་ གསུམ་ སངས་ རྒྱས་ ཀྱི་ གསེར་ སྐུ་ ལ་ བྱང་ སེམས་ ཉེ་ བའི་ སྲས་ བརྒྱད་ ཀྱིས་ བསྐོར་ བ་ བཞུགས་ པ་ དང་། རྗེ་ རིན་ པོ་ ཆེའི་ སྐུ་ བཪྙན་ གསེར་ ཟངས་ ལས་ གྲུབ་ པ་ ཐིག་ ཚད་ མ་ དང་། འཇམ་ དབྱངས་ ཆོས་ རྗེའི་ སྐུ་ བཪྙན། ཏཱ་ ལའི་ བླ་ མ་ སྐུ་ ཕྲེང་ གཉིས་ པ་ དགེ་ འདུན་ རྒྱ་ མཚོའི་ སྐུ་ བཪྙན་ རྣམས་ བཞུགས། ཚོགས་ ཆེན་ འདུ་ ཁང་ གི་ ཡང་ ཐོག་ བྱམས་ ཁང་ ཪྙིང་ པར་ རྒྱལ་ བ་ མི་ ཕམ་ པ་ དགུང་ ལོ་ བརྒྱད་ པའི་ ཚད། སྐུ་ རྒྱུ་ གསེར་ ཟངས་ ལས་ གྲུབ་ པ་ ལོངས་ སྐུའི་ ཆ་ ལུགས་ ཅན་ བཞུགས། དེའི་ ནང་ རྟེན་ དུ་ ཆོས་ ཀྱི་ རྒྱལ་ པོ་ ཙོང་ ཁ་ པའི་ དབུ་ ལོ་ དང་། འཕགས་ པ་ ཐོགས་ མེད་ ཀྱི་ དབུ་ ལོ་ དང་། སྤྱན་ རས་ གཟིགས་ ཁ་ སརྤ་ ཎིའི་ སྐུ་ བཪྙན་ རྒྱ་ གར་ མ། མགུལ་ དུ་ ཆོས་ ཀྱི་ རྒྱལ་ པོ་ ཙོང་ ཁ་ པ་ ཆེན་ པོར་ ཀླུའི་ རྒྱལ་ པོས་ ཕུལ་ བར་ གྲགས་ པའི་ དུང་ དཀར་ གཡས་ འཁྱིལ་ གསུམ་ འབྲེལ་ རྟེན་ འབྲེལ་ སྙིང་ པོས་ བརྒྱན་ པ་ ངོ་ མཚར་ ཅན། ཐུགས་ ཀར་ རྒྱལ་ པོ་ གཞོན་ ནུ་ དོན་ གྲུབ་ ཀྱི་ དབུ་ རྒྱན་ དང་། ཤེལ་ སྒ་ རིན་ ཆེན་ སྤུངས་ པ་ མཁའ་ འགྲོ་ བྱེ་ བ་ འབུམ་ གྱི་ དབུ་ སྐྲ་ ཉག་ མ་ རེ་ རེ་ ལས་ གྲུབ་ པའི་ ཞྭ་ ནག་ གསེར་ གདོང་ མ། ཇོ་ བོ་ ཆེན་ པོའི་ སྟག་ གི་ བཞུགས་ གདན་ སྤོས་ ཀྱིས་ བགོས་ པ། དཔལ་ ནཱ་ རོ་ པའི་ གདུགས་ དཀར་ གསེར་ གྱི་ ཡུ་ བ་ ཅན་ རྗེ་ མར་ པ་ ལ་ བསྩལ་ བ། མི་ ལ་ བཞད་ པ་ རྡོ་ རྗེའི་ ཟྭའི་ ཁོག་ མ། གེ་ སར་ རྒྱལ་ པོའི་ འཁོར་ གསུམ་ སག་ ཐག རྗེ་ ཙོང་ ཁ་ པ་ ཆེན་ པོའི་ ན་ བཟའ་ ཆ་ ཚང་། འཕགས་ པ་ ཐོགས་ མེད་ ཀྱི་ སྐུ་ ཆོས། རྣམ་ སྲས་ མདུང་ དམར་ ཅན་ གྱི་ མདུང་། གཟུངས་ ཆེན་ སྡེ་ ལྔ་ ལ་ སོགས་ པ་ གསེར་ སྦྱངས་ བཙོ་ མས་ བྲིས་ པ་ སོགས་ ཆོས་ སྐུའི་ རིང་ བསྲེལ་ མང་ དུ་ བཞུགས་ པ་ བཅས་ སྲིད་ ཞིའི་ དགེ་ ལེགས་ ཀྱི་ དངོས་ པོ་ ཐམས་ ཅད་ གཅིག་ ཏུ་ སྤུངས་ པ་ འདི་ ལ་ རྗེ་ བདག་ ཉིད་ ཆེན་ པོས་ རབ་ གནས་ མཛད་ དེ་ སྐྱེ་ རྒུ་ ཀུན་ གྱིས་ མཐོང་ བ་ ཅམ་ དུ་ གྲོལ་ བས་ བྱམས་ པ་ མཐོང་ གྲོལ་ མ་ ཞེས་ མཚན་ གསོལ། འཁྲུངས་ རབས་ ལྷ་ ཁང་ དུ་ རྒྱལ་ མཆོག་ ལྔ་ པ་ ཆེན་ པོའི་ སྐུ་ བཪྙན་ གྱིས་ གཙོ་ བོར་ མཛད་ པའི་ འཁྲུངས་ རབས་ སྐུ་ བཪྙན་ ཡོངས་ རྫོགས་ བཅས་ བཞུགས། འདུ་ ཁང་ གི་ གཙང་ ཁང་ དབུས་ མའམ་ བྱམས་ ཁང་ གསར་ པའི་ རྟེན་ གཙོར་ གདན་ ས་ འདིའི་ མཁན་ ཆེན་ འཇམ་ དབྱངས་ དགའ་ བའི་ བློ་ གྲོས་ ཀྱིས་ བཀོད་ པ་ མཛད་ ནས་ སྣེའུ་ གདོང་ ནས་ སྦྱིན་ བདག་ གནང་ སྟེ་ བཞེངས་ པའི་ རྒྱལ་ བ་ བྱམས་ པ་ མགོན་ པོ་ དགུང་ ལོ་ བཅུ་ གཉིས་ ཀྱི་ སྐུ་ ཚད་ སྨན་ འཇིམ་ ལས་ གྲུབ་ པ་ བཞུགས། འདུ་ ཁང་ ནུབ་ ཀྱི་ ལྷ་ ཁང་ ནང་ ཀླུ་ འབུམ་ མཆོད་ རྟེན་ གཉིས་ བཞུགས་ ཡོད་ པས་ དེ་ གཉིས་ ནི་ ཏཱ་ ལའི་ བླ་ མ་ སྐུ་ ཕྲེང་ གསུམ་ པ་ བསོད་ ནམས་ རྒྱ་ མཚོའི་ སྐུ་ གདུང་ དང་། སྐུ་ ཕྲེང་ བཞི་ བ་ ཡོན་ ཏན་ རྒྱ་ མཚོའི་ སྐུ་ གདུང་ ཡིན་ ཅིང་ ལོ་ ལྟར་ བོད་ ཟླ་ བདུན་ པའི་ ཚེས་ བརྒྱད་ ཉིན་ འབྲས་ སྤུངས་ ཀླུ་ འབུམ་ དུས་ ཆེན་ ཞེས་ སྐུ་ ཕྲེང་ བཞི་ བ་ ཡོན་ ཏན་ རྒྱ་ མཚོའི་ སྐུ་ གདུང་ འབུམ་ དུས་ ཆེན་ ཞེས་ སྐུ་ གདུང་ དེ་ གཉིས་ ལ་ ཆོས་ མཇལ་ ཞུ་ བར་ གཏོང་ གི་ ཡོད། སྤྱིར་ སྐུ་ གདུང་ མཆོད་ རྟེན་ ལ་ སྐུ་ འབུམ་ ཞེས་ བརྗོད་ སྲོལ་ ཡོད་ པ་ ལྟར་ སྐུ་ འབུམ་ ཞེས་ པའི་ སྒྲ་ ཉམས་ ནས་ ཀླུ་ འབུམ་ ཞེས་ བརྗོད་ པ་ ངག་ རྒྱུན་ དུ་ དུ་ གྲགས། ནུབ་ ཀྱི་ གཙང་ ཁང་ དུ་ འཇམ་ དབྱངས་ ཆོས་ རྗེ་ ཉིད་ ཀྱིས་ བཞེངས་ པའི་ དུས་ གསུམ་ སངས་ རྒྱས་ ལ་ ཉེ་ བའི་ སྲས་ ཆེན་ བརྒྱད་ དང་། ཁྲོ་ བོ་ གཉིས་ བཅས་ ཀྱིས་ བསྐོར་ བ་ གསེར་ ཟངས་ ལས་ གྲུབ་ པའི་ རྗེ་ བླ་ མའི་ སྐུ་ ཐོག་ ཚད་ མ་ སོགས་ བཞུགས། ཤར་ གྱི་ གཙང་ ཁང་ དུ་ གཙོ་ བོ་ འཇིགས་ བྱེད་ དང་། ནག་ པོ་ སྐོར་ གསུམ། རྣམ་ སྲས། གསེར་ ཟངས་ ལས་ གྲུབ་ པའི་ འཇམ་ དབྱངས་ ཀྱི་ སྐུ་ ཐོག་ ཚད་ མ། གདུགས་ དཀར་ ཕྱག་ སྟོང་ སྤྱན་ སྟོང་། དབུས་ སུ་ འཇམ་ དབྱངས་ ཆོས་ རྗེའི་ སྐུ་ བཪྙན་ དྲོད་ རྟ་ རྔ་ ཙམ་ ལྡན་ པ། ཐུབ་ པའི་ གནས་ བརྟན་ བཅུ་ དྲུག རྒྱལ་ ཆེན་ བཞི་ བཅས་ དང་། ལྡེབས་ བྲིས་ སུ་ རྟོགས་ བརྗོད་ དཔག་ བསམ་ འཁྲི་ ཤིང་ དང་། ཡི་ དམ་ ཆོས་ སྐྱོང་ སྲུང་ མས་ བསྐོར་ བ་ བཅས་ བཞུགས། ཇོ་ བོ་ ལྷ་ ཁང་ དུ་ རྟེན་ གྱི་ གཙོ་ བོ་ ཇོ་ བོ་ རིན་ པོ་ ཆེའི་ དངུལ་ སྐུ་ སྲིད་ ཞིའི་ འཇིགས་ སྐྱོབ་ མར་ གྲགས་ པ་ བཞུགས།
|
པར་དབང་གསལ་བསྒྲགས། རང་རེའི་དྲ་བ་ངོ་སྤྲོད། འབྲེལ་གཏུགས་བྱེད་ཚུལ། གློག་འཕྲིན་ཡིག་སྒམ། tibet3@126.com ཁ་པར། 0971-8455441 ©2008 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག |