ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཆེད་སྒྲིག- སྦྲང་ཆར་སྤེལ་ནས་ལོ30འཁོར་བ།

  • ང་དང《སྦྲང་ཆར》

    བོད་ཀྱི་རྩོམ་རིག་དུས་དེབ་ཀྱི་ནང་ནས་བརྗོད་བྱའི་ནང་དོན་དང་། རྗོད་བྱེད་རྣམ་པ། ཚིག་གི་སྦྱོར་བ། རྩོམ་སྒྲིག་གི་སྤུས་ཚད་གང་ཅིའི་ཐད་ནས་གཟེངས་སུ་ཐོན་ཏེ་བོད་རིགས་ཀློག་པ་པོ་རྣམས་ཀྱིས་དགའ་བསུ་ཐོབ་པའི་དུས་དེབ་ཅིག་ཏུ་གྱུར། ལྷག་པར་རྩོམ་རིག་གསར་རྩོམ་གྱི་ལས་དང་པོ་བ་རྣམས་ལ་མཚོན་ན་དགའ་བའི་གྲོགས་དང་བརྩེ་བའི་བཤེས་ནང་བཞིན་འབྲལ་ཐབས་མེད་པ་ཞིག་ཏུ་གྱུར་པ་ཀུན་གྱིས་ཤེས་གསལ་བཞིན་ནོ།།

  • རིན་ཆེན་དང་པོའི་ལང་ཚོ་དཔལ་གྱིས་བརྗིད།

    རྩོམ་སྒྲིག་པར་ཞུ་ཡི་སྤུས་ཀ་ཤིན་ཏུ་ལེགས་པའི་རྩོམ་ཡིག་རྣམས་བཀླགས་པས། སྔ་ན་མེད་པའི་རིག་རྩལ་གྱི་དཔལ་ཡོན་ཞིག་མྱངས་སོང་བའི་སྣང་བ་ཞིག་གིས་ཡིད་ཀྱི་ནམ་མཁའ་གང་བར་གྱུར། དེ་ནས་བཟུང་རྩལ་ཤུགས་རྫོགས་པའི་རྩོམ་པ་པོ་རྣམས་ལ་ལེགས་རྩོམ་དགོད་སའི་གཞི་ཞིག་ཡོད་པར་གྱུར་པ་དང་། མྱོང་རོལ་གྱི་ཆུ་ཚད་མཐོ་བའི་ཀློག་པ་པོ་རྣམས་ལ་རིག་པའི་དཔལ་དང་སྒྱུ་རྩལ་གྱི་བྲོ་བ་མྱང་སའི་དུས་དེབ་ཀྱི་དགའ་ཚལ་ཞིག་ཡོད་སོང་བ་ཡིན་

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2011 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག