ཐོག་ཁང་དམར་པོའི་རྨི་ལམ་ནང་གི་མི་མིང་ས་མིང་གི་འགྱུར་དང་འཕྲོས་དོན།

ཐོག་ཁང་དམར་པོའི་རྨི་ལམ་དང་འབྲེལ་བའི་མི་མིང་ས་མིང་གི་འགྱུར་དང་དེ་དག་གི་འཕྲོས་དོན།
       འཛམ་གླིང་ཐོག་གི་ཐོག་ཁང་དམར་པོའི་རྨི་ལམ་གྱི་ཞིབ་འཇུག་པའམ་དམར་རིག་མཁས་པའམ། སྒོས་སུ་རྒྱལ་ནང་གི་དམར་རིག་མཁས་པ་ལྟར་ན།ཐོག་ཁང་དམར་པའོ་རྨི་ལམ་ནི་སྒྲུང་གི་གོ་རིམ་དང་ནང་དོན། རྩོམ་རྩལ་བཅས་ཕྱོགས་གང་ནས་བལྟས་ན་ཡང་། འཛམ་གླིང་གི་སྒྲུང་གཏམ་གྱི་རྩེ་གྲས་སུ་གཏོགས་པའི་རྩོམ་རིག་བརྩམས་ཆོས་ཤིག་ཡིན་ལ། བརྩམས་ཆོས་སུ་བྱུང་བའི་མི་མིང་དང་ས་མིང་སོགས་ལའང་ཕྱི་ངོས་ཀྱི་ནང་དོན་དང་སྦས་གསང་གི་ནང་དོན་གཉིས་སུ་གོ་བ་བླངས་ཆོག་པ་ཡིན། གལ་ཏེ་དེ་དག་གི་སྦས་གསང་གི་ནང་དོན་ལ་གོ་བ་གསལ་བོ་ཡོད་ན།བརྩམས་ཆོས་སྤྱིའི་གོ་དོན་ལ་གོ་བ་གསལ་བོར་ལེན་པ་ཕན་པ་ཆེན་པོ་ཡོད་པ་རེད།
དང་པོ། མི་མིང་དང་འབྲེལ་བའི་འཕྲོས་དོན།

人物图.jpg
贾雨村 假语存 ཅྰ་ཡུས་ཚོན།  སྐད་ཆ་རྫུན་མ་ཡོད་པ་འམ་སྐད་ཆ་རྫུན་མ་བཤད་པ།
甄士隐 真事隐 ཀྲིན་དབྱིན་ཧྲི། དོན་དག་ངོ་མ་གསང་བ།
葫芦僧 糊里僧 ཀ་བེད་བཙུན་པ། མགོ་ཐོམ་བཙུན་པ།
英莲 应怜 དབྱིན་ལེན། སྙིང་རྗེ་དགོས་པའམ་སྙིང་རྗེ་འོས་པ།
冯渊 逢冤 ཧྥིན་ཡོན། བསྙོན་འཛུགས་སམ་མ་ཉེས་ཁག་གཡོགས་དང་འཔྲད་པ།
霍起 祸起 ཧོ་ཆི། ཆག་སྒོ་བྱུང་བ་འམ་ཆག་སྒོ་སློང་བ།
娇杏 侥幸 ཅའོ་ཞིན། སྟས་དབང་ངམ་སྟབས་ལེགས་པ།
詹光  沾光 ཀྲན་ཀོང་།ཁེ་བཟང་ལེན་པར་དགའ་བ།
单聘人 善骗人 ཧྲིན་ཕིན་རིན། མགོ་སྐོར་གཏོང་བར་མཁས་པ།
卜世仁 不是人 པུའུ་ཧྲི་རིན། མི་མིན་པ།
贾化 假话 ཅྰ་ཧྭ། སྐད་ཆ་རྫུན་མ། ཅྭ་ཚང་གི་སྲས་མོ་བཞིའི་མིང་སྟེ 元春、迎春、探春、惜春བསྡོམས་ན།原应叹惜མ་གཞིར་ཕངས་སེམས་སྐྱེས་དགོས་ཞེས་པའི་དོན་ཡིན
宝玉 ། ལ་བརྟེན་ནས་ཅྰ་ཚང་གི་ངོ་སོར་འབྲེལ་བའི་འདོད་མོས་ཏེ་རིན་པོ་ཆེ་གཡང་ཊི་ལྟ་བུ་ཡིན་ཞེས་པ་མཚོན་པ།
黛玉 ཏའེ་ཡུས་ལས་ཅྭ་པའོ་ཡུས་ཀྱི་མིང་གི་ཡུས་ཞེས་པའི་ཡི་གེ་ཡོད་པ།
宝钗 པའོ་ཁྲ་ལས་ཅྭ་པའོ་ཡུས་ཀྱི་མིང་གི་པའོ་ཡོད་པ།
冯紫英 逢知音 ཧྥིན་ཙི་དབྱིན། མཛའ་གྲོགས་དང་འཕྲད་པ་ཞེས་དོན།
蒋玉菡 将玉含 ཅང་ཡུས་ཧན། ཁའི་ནང་གཡང་ཊི་བཟུང་ཡོད་པའི་དོན།
乌进孝  无进孝 ཝུའུ་ཅིན་ཞའོ། བསྙེན་བཀུར་མེད་པའི་དོན།
傅试 附势 ཧྥུ་ཧྲི། གཞན་གྱི་སྟོབས་ཤུགས་སོགས་ལ་བརྟེན་པ་ཞེས་པའི་དོན།།
王仁 忘仁 ཝང་རིན། སྙིང་རྗེ་བརྗེད་པ་ཞེས་པའི་དོན།
戴良 大量 ཏའེ་ལང་། ཧ་ཅང་མང་བ་ཞེས་པའི་དོན།
钱华 钱花 ཆན་ཧྭ། འགྲོ་སྒོ་གཏོང་བ་ཞེས་པའི་དོན།
戴权 大权 ཏའེ་ཆོན། དབང་ཆ་ཆེ་བ་ཞེས་པའི་དོན།
夏公公  吓公公 ཤྭ་ཀོང་ཀོང་། འཇིགས་སྐུལ་མཁན་ཞེས་པའི་དོན།
张友士 张有事 ཀྲང་དབྱིག་ཧྲི། དོན་རྐྱེན་སློང་མཁན་ཞེས་པའི་དོན།
贾政དང贾敬གཉིས་ཀྱི་མིང་སྡོམས་ན།假正经 ཚུལ་ལྡན་རྫུན་མ་ཞེས་པའི་དོན།
秦可卿 情可轻 ཆིན་ཁི་ཆིན། བརྩེ་དུང་སྣང་མེད་དུ་བཞག་ཆོག་པ་ཞེས་པའི་དོན།
秦钟 情种 ཆིན་ཀྲུང་།འདོད་ཆགས་ཀྱི་རྒྱུ་ཞེས་པའི་དོན།
秦业 情孽 ཆིན་ཉུས། འདོད་ཆགས་ལས་བྱུང་བའི་རྣམ་སྨིན་ཞེས་པའི་དོན།
衡芜君 恨无君 ཧིན་ཝོ་ཅོན། ཁྱོ་ག་མེད་པའི་འཁོན་ཅན་ཞེས་པའི་དོན།
茗烟 明言 མེན་ཡན། སྐད་ཆ་གསལ་བོར་བཤད་པ་ཞེས་པའི་དོན།

大观园.jpgགཉིས་པ། གནས་མིང་དང་འབྲེལ་བའི་འཕྲོས་དོན།
潇湘馆 消香馆 ཞའོ་ཞང་ཁང་ཁྱིམ། གདུག་སྤོས་ཁང་ཁྱིམ་ཞེས་པའི་དོན།
怡红院 遗红怨 དབྱི་ཧོན་ཁང་ཁྱིམ། མཛེས་མ་ལུས་པའི་འཁོན་ཅན་གྱི་ཁང་ཁྱིམ་ཞེས་པའི་དོན།
蘅芜院 恨无缘 ཧིན་ཝུ་ཁང་ཁྱིམ། ལས་འབྲེལ་མེད་པར་འཁོན་ཡོད་པའི་ཁང་ཁྱིམ་ཞེས་པའི་དོན།
梨香院 离乡怨 ལིས་ཞིང་ཁང་ཁྱིམ། ཕ་ཡུལ་དང་གྱེས་པར་འཁོན་ཡོད་པའི་ཁང་ཁྱིམ་ཞེས་པའི་དོན།
十里街 势利街 ཧྲི་ལི་སྲང་ལམ། རྒྱུ་སྟོབས་སོགས་ལ་ངོ་སོ་ཆེ་ཞེས་པའི་སྲང་ལམ་ཞེས་པའི་དོན།
青梗峰 情根峰 ཅིན་ཀིན་རི་བོ། འདོད་ཆགས་རྩ་བ་ལྟ་བུའི་རི་བོ་ཞེས་པའི་དོན།

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།