ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཆེད་སྒྲིག- 2012ཞིང་ཆེན་གྱི་ཚོགས་ཆེན་གཉིས།

དེ་ལས་མང་། པར་རིས་གསར་འགྱུར།

ཐད་གཏོང་ཁང་།

དེ་ལས་མང་། ཆོད་དོན་དང་སྙན་ཞུ།

དེ་ལས་མང་། ཚོགས་འདུའི་འཕྲིན་གསར།

དེ་ལས་མང་། ཚོགས་འདུའི་གྲོས་རིམ།

ཡི་གེ་ཐད་གཏོང་།

དེ་ལས་མང་། སྤྱི་ཚོགས་དམངས་འཚོ།

  • མཚོ་སྔོན་ཞིང་ཆེན་གྱི་ཁྲི་ཀ་རྫོང་རྒྱལ་ཡོངས་ཀྱི་ཞིང་སྡེ་ཡུལ་སྐོར་དཔེ་སྟོན་རྫོང་གི་གྲས་སུ་ཚུད་པ།
  • རྨ་ཆུའི་འགྲམ་རྒྱུད་དུ་ཡོད་པའི་ཁྲི་ཀ་རྫོང་ནི་ཞིང་ཆེན་ཡོངས་ཀྱི་གནས་སྐོར་ལས་རིགས་སྣ་འཛོམས་དང་། དེང་རབས་ཞིང་ལས། དེང་རབས་ཆུ་བེད་བཅས་གསར་སྤེལ་བྱེད་པའི་དཔེ་སྟོན་རྫོང་ཞིག་རེད། ཉེ་བའི་ལོ་འགའི་རིང་ལ། ཁྲི་ཀ་རྫོང་གིས་གོ་སྐབས་འདི་དག་དམ་འཛིན་བྱས་ནས་ཐོན་རྫས་དང་གནས་སྐོར་སྒྲིག་གཞི་གཉིས་ཟུང་འབྲེལ་བྱེད་པའི་བྱ་བའི་བྱེད་ཕྱོགས་བཏོན་ནས་ཤུགས་ཆེན་པོས་ཞིང་ལས་སྤྲོ་སྐྱིད་དང་། གནས་སྐོར་ཞིང་ལས། དེང་རབས་ཞིང་ལས་བཅས་འཕེལ་རྒྱས་སུ་བཏང་སྟེ། ཞིང་སྡེ་ཆེད་ལས་མཉམ་འབྲེལ་དཔལ་འབྱོར་རྩ་འཛུགས་འཛུགས་སྐྲུན་བྱས་ནས་ཞིང་སྡེ་ཁྱིམ་ཚང་ཁོངས་མི་སྤྱི་ཚོགས་ལས་བགོ་ཅན་དུ་འགྱུར་བའི་ཚོད་ལྟ་སྤེལ་བ་རེད།

  • མཚོ་སྔོན་ཞིང་ཆེན་གྱིས་ས་ཞིང་ཤོར་བའི་ཞིང་པར་སྤྱི་ཚོགས་རྒན་གསོ་ཉེན་ཚབ་ལམ་ལུགས་འཛུགས་རྒྱུ་རེད།
  • གྲོས་ཚོགས་གཉིས་ནས་སྤྱི་ཚོགས་འགན་སྲུང་ལམ་ལུགས་བྱ་བའི་བཀོད་སྒྲིག་ལ་དམིགས་ནས། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་མི་འགྱངས་བར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་འགན་སྲུང་ལམ་ལུགས་སྔར་ལས་ལྷག་པའི་སྒོ་ནས་འཐུས་ཚང་དུ་གཏོང་རྒྱུ་ཡིན་པའི་དུས་མཚུངས་སུ། སྤྱི་ཚོགས་འགན་སྲུང་ཆུ་ཚད་བརྟན་འཇགས་ཀྱིས་ཇེ་མཐོར་གཏོང་རྒྱུ་ཡིན་པ་དང་། དེ་དང་བསྟུན་ནས་ས་ཞིང་ཤོར་ཟིན་པའི་ཞིང་བའི་སྤྱི་ཚོགས་འགན་སྲུང་གནད་དོན་ཡང་ཐག་གཅོད་ལེགས་པོ་ཞིག་བྱེད་རྒྱུ་རེད། མིག་སྔར། རང་ཞིང་གིས་ས་ཞིང་ཤོར་བའི་ཞིང་བར་རྒན་གསོ་ཉེན་ཚབ་ལམ་ལུགས་གྲོས་མོལ་འཛུགས་སྐྲུན་བྱེད་བཞིན་པའི་སྒང་རེད།

  • ཡུས་ཧྲུའུ་ས་འགུལ་གནོད་ཕྱིའི་བསྐྱར་འཛུགས་ནང་མ་དངུལ་སྒོར་དུང་ཕྱུར209ལེགས་འགྲུབ་བྱས་པ།
  • མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ལའོ་ཧུའེ་ཉིན་གྱིས་ཚེས13ཉིན་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྲོས་ཚོགས་ཐེངས་ལྔ་བའི་སྟེང་སྲིད་གཞུང་གི་བྱ་བའི་སྙན་ཞུ་ནང་བཤད་རྒྱུར། 2011ལོའི་ལོ་མཇུག་བར་དུ་ཡུས་ཧྲུའུ་ས་འགུལ་གནོད་ཕྱིའི་བསྐྱར་འཛུགས་ལ་བསྡོམས་པས་ལས་གཞི843ལས་འགོ་བརྩམས་པ་དང་། མ་དངུལ་སྒོར་དུང་ཕྱུར208.9ལེགས་འགྲུབ་བྱས་ཡོད།

  • ན་གོར་མོ་གྲོང་ཁྱེར་གྱིས་སྤྱི་ཚོགས་ལས་དོན་གྱི་ལས་གཞི་གཙོ་བོའི་ཕྱོགས་ལ་མ་དངུལ་སྒོར་དུང་ཕྱུར3.37བཏང་།
  • 2011ལོར། ན་གོར་མོ་གྲོང་ཁྱེར་གྱིས་ལོ་མགོར་གཏན་འབེབས་བྱས་པའི་ལོ་ལྔའི་འཆད་གཞི་བཅུ་གཉིས་པ་དེ་ཕྱོགས་སྟོན་དུ་བཟུང་བ་དང་། གྲོང་ཁྱེར་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་བཅུ་གཉིས་པའི་སྙིང་སྟོབས་དམ་དུ་བཟུང་ནས། བློ་གཏན་འགྱུར་མེད་དང་གང་མགྱོགས་སྒོས་ལས་གཞི་ལག་བསྟར་བྱས་ནས་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་མ་རྩའི་མ་དངུལ་གཏན་འཇགས་སྒོས་ཡར་འཕར་འབྱུང་བ་དང་དཔལ་འབྱོར་སྤྱི་ཚོགས་མགྱོགས་མྱུར་སྒོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱས།

དེ་ལས་མང་། པར་རིས་གསར་འགྱུར།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2011 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག