དྲ་ཚིགས་ཀྱི་སྤྱན་ཁྱེར། གསོག་ཉར་བྱེད་པ།སྤྱན་ཁྱེར་དུ་འཇོག་པ།  
དགེ་རྒན་དུས་ཆེན་གྱི་འབྱུང་ཁུངས།
        རང་རྒྱལ་གྱི་ལོ་རྒྱུས་སྟེང་བྱུང་བའི་ཆེས་སྔ་བའི་དགེ་རྒན་གྱི་དུས་ཆེན་ནི་སྤྱི་ལོ1931ལོར་ཡིན་ལ། སྐབས་དེར་སློབ་གསོ་རིག་པ་བ་ཐའེ་ཧྲོང་ཆིག་དང་ཁྲིན་ཆི་པའོ་སོགས་ནན་ཅིང་ཀྲུང་དབྱང་སློབ་ཆེན་འདུས་ནས་“དགེ་རྒན་གྱི་གླ་ཕོགས་ལེགས་བསྒྱུར་དང་དགེ་རྒན་གྱི་བྱ་བ་ཁག་ཐེག དགེ་རྒན་གསོ་སྐྱོང་བྱེད་པར་ཤུགས་སྣོན་”བཅས་བྱེད་དགོས་པའི་བསྒྲགས་གཏམ་སྤེལ་པ་མ་ཟད། ཟླ6པའི་ཚེས6ཉིན་ལ་དགེ་རྒན་གྱི་དུས་ཆེན་ཉིན་མོ་ཡིན་པར་གྲོས་གཞི་བཏོན། དེ་ནས་ཅུང་མ་འགོར་བར་རྒྱལ་དམངས་ཏང་སྲིད་གཞུང་གིས་ཟླ6པའི་ཚེས6ཉིན་ལ་དགེ་རྒན་དུས་ཆེན་དུ་གཏན་ཁེལ་བྱེད་པར་འཐད་པ་བྱུང་། དེ་རྗེས་དགེ་རྒན་གྱི་དུས་ཆེན་ཉིན་མོ་དེ་ཁུང་ཙི་ཡི་འཁྲུངས་སྐར་ཉིན་མོ་སྟེ་ཟླ8པའི་ཚེས27ཉིན་
དགེ་རྒན་དུས་ཆེན་གྱི་འཕོ་འགྱུར།
  1931ལོའི་ཟླ5པར་སློབ་གསོ་རིག་པ་བའམ་ནན་ཅིང་ཀྲུང་དབྱང་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཐའེ་ཧྲོང་ཆིག་དང་ཁྲིན་ཆི་པའོ་སོགས་ཀྱིས་ལོ་རེའི་ཟླ6པའི་ཚེས6ཉིན་ལ་དགེ་རྒན་དུས་ཆེན་གྱི་ཉིན་མོ་ཡིན་པར་གྲོས་གཞི་བཏོན། 1939ལོར།རྒྱལ་དམངས་ཏང་ཀྲུང་དབྱང་སྲིད་གཞུང་སློབ་གསོ་པུའུ་ཡིས་ཀྲུང་གོའི་སློབ་གསོ་སྨྲ་པ་པོ་ཁུང་ཙི་ཡི་འཁྲུངས་སྐར་ཉིན་མོ་སྟེ་ཟླ8པའི་ཚེས27ལ་དགེ་རྒན་གྱི་དུས་ཆེན་ཉིན་མོར་ཐག་གཅོད་བྱས། 1951ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སློབ་གསོ་པུའུ་དང་ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་གཉིས་ཀྱིས་མཉམ་དུ་གྲོས་ཐག་བཅད་དེ“ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན”དང་མཉམ་རོལ་བྱ་རྒྱུ་བྱས།
རྒྱལ་ཁབ་སོ་སོའི་དུས་ཆེན་ཉིན་མོ།
li 09-09
li 09-09
li 09-09
li 09-09
li 09-09
li 09-09
li 09-09
li 09-09
li 09-09
li 09-09
li 09-09
li 09-09
ཕུན་ཚོགས་མཛའ་འབྲེལ།

པར་དབང་གསལ་བསྒྲགས།    རང་རེའི་དྲ་བ་ངོ་སྤྲོད།    འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2008 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག