ཀྲུང་ གོ་ གསར་ བའི་ གཞི་ རྩའི་ རྒྱལ་ ཇུས། སྤྱི་ ཚོགས་ རིང་ ལུགས་ ཀྱི་ ཆབ་ སྲིད་ ཁྱད་ སྟོབས།
«མི་ དམངས་ ཉིན་ རེའི་ ཚགས་ པར་ »གྱི་ དཔྱད་ གཏམ་ པའི་ རྩོམ་ ཡིག “མི་ རིགས་ ས་ ཁོངས་ རང་ སྐྱོང་ ལམ་ ལུགས་ རྒྱུན་ འཁྱོངས་ དང་ འཐུས་ ཚང་ དུ་ གཏོང་ བ། ”ཞེས་ པའི་ ཁག་ དང་ པོ།
ལོ་ རྒྱུས་ ཀྱི་ དུས་ ཡུན་ རིང་ ཞིང་ གཅིག་ གྱུར་ ལྡན་ པའི་ མི་ རིགས་ མང་ འདུས་ ཅན་ གྱི་ རྒྱལ་ ཁབ་ ཅིག་ ཏུ། ཇི་ ལྟར་ མི་ རིགས་ སོ་ སོའི་ བར་ གྱི་ མཐུན་ སྒྲིལ་ དང་ མཉམ་ ལས་ ལ་ ཡར་ སྐུལ་ གཏོང་ བ་ དང་། རྒྱལ་ ཁབ་ ཀྱི་ བདག་ དབང་ གཅིག་ གྱུར་ ལ་ སྲུང་ སྐྱོབ། མངའ་ ཁོངས་ ཁ་ ཚང་ དང་ དར་ རྒྱས་ སྟོབས་ འབྱོར་ ཅན་ དུ་ གཏོང་ བ་ དང་། ཇི་ ལྟར་ མི་ རིགས་ སོ་ སོའི་ མེས་ རྒྱལ་ ལ་ སེམས་ པ་ འཁོར་ ཤུགས་ དང་ དང་ ལེན་ བསམ་ པ་ ཇེ་ བཟང་ དུ་ གཏོང་ བའི་ དུས་ མཚུངས་ སུ། མི་ རིགས་ སོ་ སོའི་ རང་ དབང་ དང་ འཕེལ་ རྒྱས་ ཡར་ ཐོན་ ཇི་ ལྟར་ མངོན་ འགྱུར་ གང་ ལེགས་ བྱེད་ དགོས་ ཞེ་ ན།
གནད་ དོན་ དེ་ དག ཀྲུང་ གོ་ གསར་ བ་ མ་ བཙུགས་ པའི་ སྔོན་ ནས་ བཟུང་། ཀྲུང་ གོ་ གུང་ ཁྲན་ ཏང་ གིས་ ཧུར་ ཐག་ གིས་ འཚོལ་ ཞིབ་ བྱས་ མྱོང་། 1949ལོའི་ ཟླ 9པར་ འཚོགས་ པའི་ ཀྲུང་ གོའི་ མི་ དམངས་ ཆབ་ སྲིད་ གྲོས་ མོལ་ ཚོགས་ འདུའི་ ཐོག གསལ་ ཐག་ ཆོད་ པའི་ སྒོ་ ནས་ མི་ རིགས་ ས་ ཁོངས་ རང་ སྐྱོང་ ལམ་ ལུགས་ དེ་ གཞི་ རྩའི་ རྒྱལ་ ཇུས་ ཤིག་ ཡིན་ པར་ གཏན་ ཁེལ་ བྱས། ཀྲུང་ གོ་ གསར་ བ་ དབུ་ བརྙེས་ ནས་ ལོ་ ངོ 60རིང་ ལ། ཀྲུང་ གོའི་ གུང་ ཁྲན་ ཏང་ གི་ གཅིག་ གྱུར་ མགོ་ ཁྲིད་ ལ་ བརྟེན་ ནས། མི་ རིགས་ ས་ ཁོངས་ རང་ སྐྱོང་ ལམ་ ལུགས་ དང་། མི་ དམངས་ འཐུས་ མི་ ཚོགས་ ཆེན་ གྱི་ ལམ་ ལུགས། ཀྲུང་ གོ་ གུང་ ཁྲན་ ཏང་ མགོ་ ཁྲིད་ ཡིན་ པའི་ ཏང་ མང་ མཉམ་ ལས་ དང་། ཆབ་ སྲིད་ གྲོས་ མོལ་ ལམ་ ལུགས་ བཅས་ ཀྱིས་ མཉམ་ དུ་ རང་ རྒྱལ་ གྱི་ གཞི་ རྩའི་ ཆབ་ སྲིད་ ལམ་ ལུགས་ དེ་ གྲུབ་ པ་ རེད། རབས་ མང་ པོའི་ ཀྲུང་ གོ་ གུང་ ཁྲན་ ཏང་ མི་ ཚོའི་ རླབས་ ཆེན་ གསར་ བཏོད་ ཀྱིས། འཛམ་ གླིང་ ཡོངས་ ལ “ཀྲུང་ གོའི་ བློ་ གྲོས ”ལྡན་ པའི་ མི་ རིགས་ གནད་ དོན་ ཐག་ གཅོད་ བྱེད་ ཐབས་ ཀྱི་ རྒྱུགས་ ཤོག་ བཟང་ པོ་ ཞིག་ སྤྲད་ པས། མི་ རིགས་ ས་ ཁོངས་ རང་ སྐྱོང་ ལམ་ ལུགས་ དེ་ ཀྲུང་ གོའི་ ཁྱད་ ཆོས་ ཀྱི་ སྤྱི་ ཚོགས་ རིང་ ལུགས་ ཀྱི་ གྲུབ་ ཆ་ གལ་ ཆེན་ ཞིག་ ཏུ་ གྱུར། །
ཀྲུང་ གོ་ གསར་ བས་ མི་ རིགས་ ས་ ཁོངས་ རང་ སྐྱོང་ ཞེས་ པའི་ ལོ་ རྒྱུས་ གལ་ ཆེན་ འདི་ གདམ་ གསེས་ བྱེད་ དོན་ ནི། ཀྲུང་ གོ་ རང་ གི་ རྒྱལ་ བབ་ དང་ མི་ རིགས་ གནད་ དོན་ དངོས་ ལ་ གཞིགས་ པའི་ ཡང་ དག་ པའི་ གདེང་ ཚོད་ ཅིག་ ཡིན། གཅིག་ གྱུར་ གྱི་ མི་ རིགས་ མང་ པའི་ རྒྱལ་ ཁབ་ ཅིག་ ཡུན་ རིང་ དུ་ གནས་ པར་ བྱ་ རྒྱུ་ ནི། མི་ རིགས་ ས་ ཁོངས་ རང་ སྐྱོང་ ལག་ བསྟར་ བྱེད་ པའི་ ལོ་ རྒྱུས་ ཀྱི་ གཞི་ འཛིན་ ས་ ཡིན། ཉེ་ རབས་ ནས་ བཟུང་། ཕྱིའི་ བཙན་ འཛུལ་ ལ་ འགོག་ རྒོལ་ བྱེད་ པའི་ འཐབ་ རྩོད་ ཁྲོད་ བྱུང་ བའི་ རྒྱལ་ གཅེས་ རིང་ ལུགས་ ཀྱི་ སྙིང་ སྟོབས་ དེ་ ནི། མི་ རིགས་ ས་ ཁོངས་ རང་ སྐྱོང་ ལག་ བསྟར་ བྱེད་ པའི་ ཆབ་ སྲིད་ ཀྱི་ རྨང་ གཞི་ ཡིན། མི་ རིགས་ སོ་ སོ་ འདུས་ མང་ དང་། འདུས་ ཉུང་ གི་ མི་ གྲངས་ ཁ་ འཐོར་ ཡིན་ པའི་ རྣམ་ པ་ དང་། ས་ ཁུལ་ སོ་ སོའི་ ཐོན་ ཁུངས་ ཆ་ རྐྱེན་ དང་ འཕེལ་ རྒྱས་ ལ་ ཁྱད་ པར་ ཡོད་ པ་ ནི། མི་ རིགས་ ས་ ཁོངས་ རང་ སྐྱོང་ ལམ་ ལུགས་ ལག་ བསྟར་ བྱེད་ པའི་ དངོས་ བབ་ ཀྱི་ ཆ་ རྐྱེན་ ཡིན། ཀྲུང་ གོ་ གསར་ བས་ གསར་ བཏོད་ བྱས་ པའི་ མི་ རིགས་ ས་ ཁོངས་ རང་ སྐྱོང་ ལམ་ ལུགས་ ནི། ལོ་ རྒྱུས་ ལ་ བརྩི་ འཇོག་ དང་། རྒྱལ་ བབ་ དང་ མཐུན་ པ། དམངས་ སེམས་ དང་ ཡང་ འཚམས་ པའི་ གདམ་ གསེས་ ཡང་ དག་ ཅིག་ ཡིན། །
རྒྱལ་ ཁབ་ ཀྱི་ གཅིག་ གྱུར་ མགོ་ ཁྲིད་ འོག་ ཏུ། གྲངས་ ཉུང་ མི་ རིགས་ སོ་ སོ་ གནས་ བཅས་ པའི་ ས་ ཁུལ་ དུ་ ས་ ཁོངས་ རང་ སྐྱོང་ ལག་ བསྟར་ བྱས་ ནས། རང་ སྐྱོང་ ལས་ ཁུངས་ བཙུགས་ པ་ དང་། རང་ སྐྱོང་ ཁེ་ དབང་ ལག་ བསྟར་ བྱས། མི་ རིགས་ ས་ ཁོངས་ རང་ སྐྱོང་ ལམ་ ལུགས་ ཀྱི་ བསྟན་ དོན་ དང་ ཁྱད་ རྟགས་ ཀྱིས། རྒྱལ་ ཁབ་ ཀྱིས་ གྲངས་ ཉུང་ མི་ རིགས་ ཀྱིས་ མི་ རིགས་ རང་ ནང་ ཁུལ་ གྱི་ ལས་ དོན་ ལ་ རང་ བདག་ དོ་ དམ་ བྱེད་ པར་ བརྩི་ འཇོག་ དང་ འགན་ ལེན་ བྱེད་ པའི་ དགོངས་ པ་ དངོས་ མཚོན་ པར་ མ་ ཟད། ད་ དུང་ མི་ རིགས་ འདྲ་ མཉམ་ དང་ མི་ རིགས་ མཐུན་ སྒྲིལ། མི་ རིགས་ ཚང་ མ་ མཉམ་ དུ་ དར་ རྒྱས་ སུ་ འགྲོ་ བའི་ རྩ་ དོན་ མཚོན་ པར་ བྱས་ ཤིང་། དེའི་ ནང་ ད་ དུང་ ཀྲུང་ གོ་ གུང་ ཁྲན་ ཏང་ དང་ ཀྲུང་ གོའི་ མི་ དམངས་ ཀྱི་ ལག་ ལེན་ ཉམས་ མྱོང་ དང་ ཆབ་ སྲིད་ བློ་ གྲོས་ ཡང་ ཉིང་ འདུས་ བྱས་ ཡོད། རྒྱལ་ ཁབ་ ཀྱི་ གཞི་ རྩའི་ ཆབ་ སྲིད་ ལམ་ ལུགས་ ཤིག་ ཡིན་ པའི་ ཆ་ ནས། མི་ རིགས་ ས་ ཁོངས་ རང་ སྐྱོང་ ནི་ སྤྱི་ ཚོགས་ རིང་ ལུགས་ ཀྱི་ ཆབ་ སྲིད་ དཔལ་ ཡོན་ དེ་ མི་ རིགས་ གནད་ དོན་ ཐོག་ ནས་ གཅིག་ བསྡུས་ སུ་ མངོན་ པ་ ཞིག་ ཡིན་ པས། དེས་ སྤྱི་ ཚོགས་ རིང་ ལུགས་ ཀྱི་ རེ་ འདུན་ དངོས་ མཚོན་ ཞིང་། སྤྱི་ ཚོགས་ རིང་ ལུགས་ ཀྱི་ ཆབ་ སྲིད་ ཁྱད་ སྟོབས་ དངོས་ གྲུབ་ པ་ རེད། །
ལག་ ལེན་ དངོས་ ལས། ལམ་ ལུགས་ དེས་ གྲངས་ ཉུང་ མི་ རིགས་ ཀྱིས་ རང་ ཁྱིམ་ རང་ བདག་ བྱེད་ པའི་ ཁེ་ དབང་ ལ་ འགན་ ལེན་ གང་ ལེགས་ བྱས་ ཤིང་། མི་ རིགས་ ཕན་ ཚུན་ བར་ གྱི་ འབྲེལ་ བར་ ཤུགས་ སྣོན་ པ་ དང་། རྒྱལ་ ཁབ་ གཅིག་ གྱུར་ ལ་ སྲུང་ སྐྱོབ་ བྱེད་ པ། མི་ རིགས་ རང་ སྐྱོང་ ས་ ཁུལ་ གྱི་ འཕེལ་ རྒྱས་ ཇེ་ མགྱོགས་ སུ་ གཏོང་ བ། གྲངས་ ཉུང་ མི་ རིགས་ ཁག་ གི་ ཡར་ ཐོན་ ལ་ ཡར་ སྐུལ་ གཏོང་ བ་ བཅས་ ཀྱི་ ཐད་ ནུས་ པ་ ཆེན་ པོ་ བསྐྱེད་ པ་ བདེན་ དཔང་ གང་ ལེགས་ བྱས། མཐའ་ ཡས་ པའི་ རྩྭ་ ཐང་ ནས་ ལྷོ་ སྣེའི་ མཚམས་ བར་ དུ། ལོ་ ངོ 60རིང་ ལ། མི་ རིགས་ ས་ ཁོངས་ རང་ སྐྱོང་ ལམ་ ལུགས་ ཀྱིས་ གྲངས་ ཉུང་ མི་ རིགས་ སོ་ སོའི་ ལ་ རྒྱ་ དང་། ཡིད་ ཆེས་ བསམ་ པ། ངའོ་ སྙམ་ པའི་ སེམས་ ཤུགས་ བཅས་ སྔོགས་ འདོན་ ཆེས་ ཆེར་ བྱས་ པར་ མ་ ཟད། དེ་ ཀྲུང་ ཧྭ་ མི་ རིགས་ ཀྱི་ སྣ་ མང་ གཞི་ གཅིག་ ཅན་ གྱི་ གཞི་ རྩའི་ ཆགས་ སྟངས་ དང་ ཡང་ འཚམས་ པར་ གྱུར་ པས། ཀྲུང་ ཧྭ་ མི་ རིགས་ ཁྱིམ་ ཆེན་ འདིའི་ རྩ་ བའི་ ཁེ་ ཕན་ ལ་ ཁག་ ཐེག་ བྱས་ ཤིང་། མི་ རིགས 56འགྲིག་ མཐུན་ མཉམ་ གནས་ དང་ ཕྱར་ བ་ གྲུ་ འདེགས། འཆམས་ མཐུན་ གོང་ འཕེལ་ འགྲོ་ བར་ ཡང་ ཡར་ སྐུལ་ བྱས། དེ་ ནི་ ཀྲུང་ གོ་ གུང་ ཁྲན་ ཏང་ གིས་ འཛམ་ གླིང་ ཞི་ བདེ་ འཕེལ་ རྒྱས་ ལ་ ཕུལ་ བའི་ ལག་ རྗེས་ ཤིག་ ཡིན་ ལ། ཀྲུང་ ཧྭ་ མི་ རིགས་ ཀྱིས་ མིའི་ རིགས་ ཀྱིས་ མི་ རིགས་ གནད་ དོན་ ཐག་ གཅོད་ བྱེད་ པར་ ཕུལ་ བའི་ ལག་ རྗེས་ ཤིག་ ཀྱང་ ཡིན། །
དེང་ སྐབས། ང་ ཚོ་ ཕྱོགས་ ཡོངས་ ནས་ འབྱོར་ འབྲིང་ སྤྱི་ ཚོགས་ འཛུགས་ སྐྲུན་ བྱེད་ པའི་ གནད་ འགག་ གི་ དུས་ སྐབས་ སུ་ གནས་ ཡོད། མི་ རིགས 56དང་ མི་ གྲངས་ དུང་ ཕྱུར 13ཡོད་ པའི་ རྒྱལ་ ཁབ་ ཆེན་ པོ་ ཞིག་ གིས་ སྤྱི་ ཚོགས་ རིང་ ལུགས་ ཀྱི་ དེང་ རབས་ ཅན་ འཛུགས་ སྐྲུན་ བྱེད་ པ་ དེས། ང་ ཚོས་ ཐོག་ མཐའ་ བར་ གསུམ་ དུ་ མི་ རིགས་ གནད་ དོན་ དེ་ ཀྲུང་ གོའི་ ཁྱད་ ཆོས་ ཀྱི་ སྤྱི་ ཚོགས་ རིང་ ལུགས་ འཛུགས་ སྐྲུན་ བྱེད་ སྐབས་ ངེས་ པར་ དུ་ ཐག་ གཅོད་ བཟང་ པོ་ བྱེད་ དགོས་ ངེས་ ཀྱི་ གནད་ དོན་ ཆེན་ པོ་ ཞིག་ ཏུ་ བརྩི་ དགོས་ པ་ ཐག་ བཅད་ ཅིང་། ཐོག་ མཐའ་ བར་ གསུམ་ དུ་ མི་ རིགས་ བྱ་ བ་ དེ་ ཡང་ ཏང་ དང་ མི་ དམངས་ ཀྱི་ ལས་ དོན་ འཕེལ་ རྒྱས་ སུ་ འགྲོ་ བར་ འབྲེལ་ བའི་ ཁྱོན་ ཡོངས་ ཀྱི་ བྱ་ བ་ གལ་ ཆེན་ ཞིག་ ཏུ་ བརྩི་ དགོས་ པ་ ཐག་ བཅད། མི་ རིགས་ ས་ ཁོངས་ རང་ སྐྱོང་ ལམ་ ལུགས་ དེ་ ཀྲུང་ གོ་ གུང་ ཁྲན་ ཏང་ གིས་ རང་ རྒྱལ་ མི་ རིགས་ ཀྱི་ གནད་ དོན་ ཐག་ གཅོད་ བྱེད་ པའི་ གཞི་ རྩའི་ ཉམས་ མྱོང་ ཞིག་ ཏུ་ བརྩི་ བར་ ཡིད་ གཉིས་ ཐེ་ ཚོམ་ སྐྱེ་ མི་ རུང་ བར་ མ་ ཟད། དེ་ རང་ རྒྱལ་ གྱི་ གཞི་ རྩའི་ ཆབ་ སྲིད་ ལམ་ ལུགས་ ཤིག་ ཏུ་ བརྩི་ བར་ ཡང་ གཡོ་ འགུལ་ གཏན་ ནས་ བྱེད་ མི་ རུང་ ལ། དེ་ རང་ རྒྱལ་ སྤྱི་ ཚོགས་ རིང་ ལུགས་ ཀྱི་ ཆབ་ སྲིད་ ཁྱད་ སྟོབས་ ཆེན་ པོ་ ཞིག་ ཏུ་ བརྩི་ བར་ ཡང་ ཉམས་ ཞན་ བྱེད་ མི་ རུང་། དེ་ ནི་ ཀྲུང་ གོ་ གུང་ ཁྲན་ ཏང་ གིས་ མི་ རིགས་ བྱ་ བར་ ཕྱོགས་ སྡོམ་ གཏིང་ ཟབ་ བྱས་ པ་ ལས་ ཐོན་ པའི་ ཉམས་ མྱོང་ ཡིན་ ལ། རིགས་ སོ་ སོའི་ མི་ དམངས་ ལ་ མཐུན་ སྒྲིལ་ དང་ སྣེ་ ཁྲིད་ བྱས་ ཏེ་ ཀྲུང་ གོའི་ ཁྱད་ ཆོས་ ཀྱི་ སྤྱི་ ཚོགས་ རིང་ ལུགས་ འཕེལ་ རྒྱས་ སུ་ གཏོང་ བའི་ འགན་ ལེན་ ཆེན་ པོ་ ཞིག་ ཀྱང་ ཡིན། །
མི་ རིགས་ ས་ ཁོངས་ རང་ སྐྱོང་ ལམ་ ལུགས་ རྒྱུན་ འཁྱོངས་ དང་ འཐུས་ ཚང་ དུ་ བཏང་ ན། ང་ ཚོས་ ད་ གཟོད་ རྒྱལ་ ཁབ་ ཀྱི་ སྟོབས་ ལྡན་ དང་ དམངས་ གཙོ། ཤེས་ རིག་ དང་ འཆམས་ མཐུན་ བཅས་ མི་ རིགས་ ཀྱི་ དར་ རྒྱས་ དང་ གོང་ འཕེལ། ཡར་ ཐོན། འགྲིག་ མཐུན་ བཅས་ དང་ ཟུང་ སྦྲེལ་ སྔར་ ལས་ ལྷག་ པ་ བྱེད་ ཐུབ་ ཅིང་། ད་ གཟོད་ མི་ རིགས་ སོ་ སོ་ ལྷན་ ཏུ་ མཐུན་ སྒྲིལ་ འབད་ འཐབ་ དང་། ལྷན་ ཏུ་ དར་ རྒྱས་ གོང་ འཕེལ་ འགྲོ་ བ་ དང་ ཟུང་ སྦྲེལ་ སྔར་ ལས་ ལྷག་ པ་ བྱས་ ཏེ། གོམ་ གང་ མདུན་ སྤོས་ སྒོས་ སྤྱི་ ཚོགས་ རིང་ ལུགས་ ཀྱི་ ཆབ་ སྲིད་ ཤེས་ རིག་ སྤེལ་ ནས། ཀྲུང་ ཧྭ་ མི་ རིགས་ ཀྱི་ རླབས་ ཆེན་ བསྐྱར་ དར་ མངོན་ འགྱུར་ བྱེད་ ཐུབ། །