ཚེ་དབང་རྡོ་རྗེ་ལགས་ཀྱིས་བསྐྱོན་པའི་བརྙན་པར་བདམས་བཀོད།



པར་བ་ཚེ་དབང་རྡོ་རྗེ་ལགས་ནི། སྤྱིར་བཏང་གི་སྟོན་ཁ་ཞིག་ལ་མངའ་རིས་དགེ་རྒྱས་ནས་སྐྱེས།འཚར་ལོངས་བྱུང་ནས་གསོ་བ་རིག་པ་དང་ཆད་དུ་མེད་པའི་ལས་འབྲེལ་བཞག སློབ་གཉེར་བ་སྤྱིའི་འགྲུལ་བཞུད་ལྟར། མཁས་པ་ཡིན་ནོ་ཅོག་གི་ཞབས་ལ་གཏུགས། དབང་ལུང་ཁྲིད་གསུམ་ཞུས། བོད་སྨན་གྱི་སྦྱོར་བཟོའི་ལག་ལེན་སྤྱི་དང་། ཁྱད་པར་དུ་རིན་ཆེན་རིགས་ཀྱི་སྦྱོར་བཟོའི་མན་ངག་ལ་སྦྱང་བ་བསྟིར་མེད་བྱས། མི་རེ་རེ་ལ་དགའ་ཕྱོགས་ཡ་མཚན་རེ་ཡོད་པ་ནང་བཞིན། པར་ལེན་སྒྱུ་རྩལ་ལ་སྤྲོ་བ་འགོག་ཏུ་མེད་པ་འཁྲུངས། རྩོམ་རིག་སྙན་ངག་ལའང་དུང་བ་ཟད་དུ་མེད་པ་འཁྲུངས། འདྲ་པར་ཡག་བཙོག་གཉིས་ཀ་བཅོ་བརྒྱད་བརྒྱབས། སྙན་ངག་ཡིན་མིན་གཉིས་ཀྱང་བཅོ་བརྒྱད་བྲིས།

དཔྱད་མཆན 0 ཡོད།