མེ་སྤྲེའུ་ལགས་ཀྱིས་བསྐྱོན་པའི་བརྙན་པར་བདམས་བཀོད།



མེ་སྤྲེའུ་ནི་༢༠༠༠ལོར་མཚོ་སྔོན་འབའ་རྫོང་ཐང་རྒན་ཤང་ནས་སྐྱེས་ཤིང་།སྔ་གཞུག་ཏུ་ཐང་རྒན་ཤང་མི་རིགས་སློབ་ཆུང་དང་ཐོས་བསམ་ནོར་བུའི་སློབ་གླིང་སོགས་སུ་སློབ་གཉེར་བྱས། ༢༠༡༤ལོ་ནས་བཟུང་གཞས་ཚིག་གི་བྱ་བར་ཞུགས་ཏེ་རྟ་མགྲིན་ཚེ་རིང་དང་ཀླུ་མོ་འཚོ།བྱི་རུ་དམར་ཆུང་ཚན་སྡེབ་སོགས་བོད་ཁུལ་གྱི་གཞས་མཁན་སྐོར་ཞིག་ལ་གཞས་ཚིག་ཁ་ཤས་བརྩམས་ཏེ་ཉན་མཁན་མང་པོའི་དགའ་བསུ་ཐོབ། ༢༠༡༧ལོ་ནས་མི་ལོ་གཉིས་ཀྱི་ཡུན་ལ་རང་དགོན་གྱི་རྒྱུགས་ཆེན་གཉིས་དང་སྨོན་ལམ་ཆེ་ཕྲ་ཁག་གི་པར་ལེན་པའི་འགན་ཁུར། ༢༠༡༨ལོར་མི་ཚེ་རྨི་ལམ་ཞེས་པའི་སྣ་ལྔའི་རང་བཞིན་ཅན་གྱི་མི་སྒེར་བརྩམས་ཆོས་དཔེ་དེབ་འགྲེམ་སྤེལ་བྱས།

དཔྱད་མཆན 0 ཡོད།