རྩྭ་ཐང་བྱིས་སྒྲུང་ལས་ཐོན་པའི་ཁོར་སྲུང་དང་བླངས་པ།



ལྕགས་འབུམ་རྒྱལ་ལམ་རྡོ་སྐྱེས་ལྕགས་བྷོ་ནི་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུའི་ནང་མདོ་སྨད་མང་རྫོང་གི་རུ་སྔུན་རྡོ་ར་སྡེ་བར་སྐྱེས།ཆུང་དུས་ནས་བཟུང་རྨ་ཀླུང་སྔོན་མོའི་འགྲམ་རྒྱུད་དུ།ལག་ཏུ་འུར་ཆ་ཐོགས་ཤིང་ངག་ནས་རྫི་གླུ་དབྱངས་སུ་འགུག་བཞིན་རྫི་བོའི་ལས་དབང་སྐྱ་བོ་བཙན་གྱིས་རུམ་ནས་མི་ལོ་གང་འཚམས་ཕྱིན། ཁོ་རང་སློབ་གྲྭའི་སྒོ་ཐེམ་འགྲིམས་ནས་རིག་པའི་གནས་ལ་འཇུག་པའི་གོ་སྐབས་རྩ་བ་ནས་མེད་སོང་ནའང་།༡༩༩༥ལོ་ནས་བཟུང་དགེན་གྱི་མཛུབ་སྟོན་མེད་པའི་ཁོར་ཡུག་སྐྱ་བོ་ནས་བོད་ཀྱི་དཀྲོལ་ལེན་སྒྱུ་རྩལ་དང་རི་མོའི་སྒྱུ་རྩལ་གྱི་ལམ་ཁར་ཞུགས་ཤིང་།བོད་ཀྱི་ཆེས་ཐོག་མའི་རི་མོའི་ལོ་དེབ་༼མེ་ལོང༽སོགས་དུས་དེབ་དང་ཚགས་པར་སྟེང་དུ་བརྩམས་ཆོས་ལྔ་བཅུར་ཉེ་བ་བཀོད་མྱོང་། ༢༠༠༩ལོ་ནས་བཟུང་ལྷ་རིས་སྒྱུ་རྩལ་གྱི་ལམ་ཁར་ཞུགས་ཏེ།སྔ་ཕྱིར་དགོན་སྡེ་འདུ་ཁང་དང་མཆོད་རྟེན་སོགས་ཀྱི་སྟེང་དུ་ཚོན་ཞུགས་པ་དང་ཁྱད་པར་དུ་ཁོར་སྲུང་རི་མོའི་བརྗོད་བྱར་བརྟེན་ནས་གང་ནུས་ཀྱིས་འབད་བཞིན་ཡོད། གཞན་ཡང་ཁོང་གིས་༢༠༡༢ལོ་ནས་བཟུང་རང་སྡེ་བའི་ཆུང་འབྲིང་སློབ་མར་རང་གིས་མ་དངུལ་བཏོན་ནས་དབྱར་དགུན་གནང་གི་ཟབ་སྦྱོང་འཛིན་གྲྭ་བསྒྲུབས་ནས་ཕ་ཡུལ་གྱི་སློབ་གསོའི་ཕྱོགས་ལའང་ནུས་ཤུགས་རྒྱག་བཞིན་ཡོད་པས།སྔ་རྗེས་སུ་ཕུལ་བྱུང་ཁོར་སྲུང་དང་བླངས་པ་དང་སྔོན་ཐོན་ཁྱིམ་བདག་སྔོན་ཐོན་ན་གཞོན་སོགས་གྱི་མཚན་སྙན་ཐོབ་མྱོང་། ཁོ་ད་ལྟ་རི་མོ་སྒྱུ་རྩལ་གྱི་ཕྱོགས་ལབརྩོན་པ་སྔར་བཞིན་སྐྱོང་འདུག་ལ།མང་རྫོང་མགོ་མང་གྲོང་རྡལ་སྤྱི་ཕན་ཁོར་སྲུང་མཐུན་ཚོགས་ཀྱི་རྡོ་ར་ཚན་ཆུང་གི་ཚན་གཙོའི་འགན་ཡང་ཁུར་ཡོད།--(གསར་འགོད་པ། ཁྲི་ཀའི་འཕྲིན་ཁྱུང་།)

དཔྱད་མཆན 0 ཡོད།