སྤྲེལ་ཉི་མ་རྒྱལ་མཚན་གྱི་བརྙན་པར་བདམས་བཀོད། ཁག་དྲུག་པ།



སྤྲེལ་ཉི་མ་རྒྱལ་མཚན། ༡༩༧༨ལོར་མཚོ་སྔོན་པོ་སྤྲེལ་ནག་ཅེས་པའི་འབྲོག་སྡེ་རུ་སྐྱེས། ༡༩༩༤ལོར་ལྷ་མོ་དྲེལ་དགོན་དུ་ཆོས་སྒོར་ཞུགས་ཏེ་རབ་ཏུ་བྱུང་། ༡༩༩༧ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས་ནས་༢༠༠༢་ལོར་སློབ་མཐར་ཕྱིན། སྤྱི་ལོ་༢༠༠༢ལོ་ནས་༢༠༡༢ལོའི་བར་ལྷ་མོ་དྲེལ་དགོན་པའི་དགེ་རྒན་གྱི་འགན་ཁུར། ༢༠༡༣ལོ་ནས་༢༠༡༥་བར་བོད་ལྗོངས་ནང་བསྟན་སློབ་གླིང་དུ་ཞུགས་ནས་འབྲིང་རིམ་རབ་འབྱམས་ཞིབ་འཇུག་པའི་ཡོན་གནས་བླངས། ༢༠༡༥་ནས་བཟུང་མཚོ་སྔོན་པོ་ཐེབ་རྒྱ་ཆོས་བརྩིགས་དགོན་གྱི་དགེ་རྒན་དང་དགོན་དམ་ཁང་གི་འགོ་གཙོ་བཅས་ཀྱི་འགན་ཁུར་ཡོད། གསེར་ཆེན་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་མི། སྲིད་གྲོས་མཚོ་ལྷོ་ཁུལ་སྐབས་བཅུ་གསུམ་པའི་འཐུས་མི་དང་སྲིད་གྲོས་གསེར་ཆེན་རྫོང་སྐབས་བཅུ་བའི་འཐུས་མི། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲྭ་ཚིགས་གསར་འགོད་པ་བཅས་ཀྱི་འགན་ཁུར་ཡོད།

དཔྱད་མཆན 0 ཡོད།