ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླའི་གནམ་གྲུ་ཐང་བཙུགས་ནས་ལོ20འཁོར་བའི་དགོང་ཚོགས།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2019-06-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་6པའི་ཚེས་5ཉིན་གྱི་དགོང་མོའི་ཆུ་ཚོད་བདུན་དང་ཕྱེད་ཀའི་ཐོག་ཡུན་ནན་མཁའ་འགྲུལ་རིག་གནས་ཡུལ་སྐོར(བདེ་ཆེན)འོས་སྦྱོར་ཚོགས་འདུ་སྐབས་བདུན་པ་དང་།   བདེ་ཆེན་སེམས་ཀྱི་ཉི་ཟླའི་གནམ་གྲུ་ཐང་ནས་གནམ་གྲུ་ཤར་གཏོང་ཐུབ་ནས་ལོ་20འཁོར་བའི་སྐུ་མགྲོན་བསུ་བའི་དགོང་ཚོགས་དེ་སེམས་ཀྱི་ཉི་ཟླའི་ཟློས་གར་ཁང་དུ་གཟབ་རྒྱས་ངང་འཁྲབ་སྟོན་བྱས་པ་རེད།   

01.jpg

སྐུ་མགྲོན་བསུ་བའི་དགོང་ཚོགས་དེ་བརྗིད་ཉམས་ལྡན་པའི་ཞབས་བྲོ་སྟེ་བཀྲ་ཤིས་མགྲོན་བསུ་ཞེས་པ་ནས་འགོ་ཚུགས་ཤིང་།   དེའི་རྗེས་མཐུད་ནས་ལེ་ཚན་རེ་རེ་ངོ་མཚར་ལྡན་པའི་ངང་འཁྲབ་སྟོན་བྱས་ཡོད།    དེའི་ཁྲོད་གངས་རིའི་བུ་ཕྲུག་ཚན་སྡེབ་ཀྱིས་འཁྲབ་སྟོན་བྱས་པའི་ལྷ་གླག་ལ་ཡིད་སྨོན་བྱེད་ཅེས་པའི་གླུ་གཞས་ཀྱིས་བོད་ཁུལ་མི་དམངས་ཀྱིས་མཁའ་འགྲུལ་བྱ་གཞག་འཕེལ་རྒྱས་ལ་ཡིད་སྨོན་ཚད་མེད་བྱེད་པའི་ཡིད་སེམས་མཚོན་ཡོད།   སེམས་ཀྱི་ཉི་ཟླ་གནམ་གྲུ་ཐང་གི་ལས་བཟོ་བས་འཁྲབ་སྟོན་བྱས་པའི་ཞབས་བྲོ་བཀྲ་ཤིས་པའི་མཁའ་འགྲུལ་གྲུ་ཁ་ཞེས་པས་སེམས་ཀྱི་ཉི་ཟླའི་མཁའ་འགྲུལ་མི་སྣས་བདེ་ཆེན་མཐོ་སྒང་དུ་དཀའ་ཚེགས་ལ་མི་འཛེམ་པ་དང་།   གསོ་རླུང་གིས་མི་འདང་རུང་དཔའ་མི་ཞུམ་པ།  ས་བབ་མཐོ་ས་ནས་རེ་འདུན་མཐོན་པོར་སྙེག་པའི་སྙིང་སྟོབས་མཚོན་པར་བྱས་ཡོད།  ལེ་ཚན་ནང་ལྟད་མོ་བར་མཛེས་སྡུག་རྣམ་པར་བཀྲ་བའི་བདེ་ཆེན་མི་རིགས་ཁག་གི་རིག་གནས་དང་བདེ་ཆེན་མི་དམངས་ཀྱི་ལས་ལ་བརྩོན་ཞིང་དཔའ་ངར་ཆེ་བ་དང་ཞུམ་མེད་མདུན་སྐྱོད་ཀྱི་སྙིང་སྟོབས་མངོན་ནས་ཚོགས་ཞུགས་ལྟད་མོ་བ་ཡོང་ལ་ལྟད་མོ་གྱ་ནོམ་པ་ཞིག་ཕུལ་ཡོད། 

02.jpg

03.jpg

04.jpg

05.jpg

དགོང་ཚོགས་ཐོག་བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་སུང་ཐའོ་ཡིས་ཀྲུང་གུང་བདེ་ཆེན་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གི་ཚབ་བྱས་ནས་འདས་ཟིན་པའི་ལོ་20ཡི་རིང་མཁའ་ལམ་གསར་སྤེལ་དང་ཁྲོམ་རའི་ཚོང་གཉེར་ཐད་བདེ་ཆེན་བོད་ཁུལ་ལ་བྱས་རྗེས་འཇོག་མཁན་བོད་ལྗོངས་མཁའ་འགྲུལ་ཚད་ཡོད་ཀུང་སི་དང་། ཧྲེན་ཀྲེན་མཁའ་འགྲུལ་ཚད་ཡོད་འགན་འཁྲི་ཀུང་སི།   སི་ཁྲོན་མཁའ་འགྲུལ་མ་རྐང་ཚད་ཡོད་ཀུང་སི།  ཁུན་མིང་མཁའ་འགྲུལ་ཚད་ཡོད་ཀུང་སི་སོགས་ལ་བྱ་དགའ་སྤྲད་པ་དང་།    བྱ་དགའི་ནང་དོན་ལ་ཁྲོམ་རའི་བྲིན་ཚོང་གི་བྱ་དགའ་ཡག་ཤོས་དང་།   ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་ཡག་ཤོས་ཀྱི་བྱ་དགའ།  ཡུན་བོད་མཁའ་འགྲུལ་གྱི་བགྲོད་ལམ་གསར་འབྱེད་ཀྱི་བྱ་དགའ་ཡག་ཤོས། མཁའ་ལམ་ཡག་ཤོས་ཀྱི་གསར་གཏོད་བྱ་དགའ།  ཁྲོམ་རའི་གཉེར་ཚོང་གི་བྱ་དགའ་ཡག་ཤོས། མཁའ་འགྲུལ་ཐོན་ལས་དབུལ་སྐྱོར་ཡག་ཤོས།   མཁའ་ལམ་དབུལ་སྐྱོར་གྱི་ལེགས་སྐྱེས་ཕུལ་བྱུང་བྱ་དགའ། འཐབ་ཇུས་མཉམ་ལས་རོགས་ཟླའི་བྱ་དགའ་ཡག་ཤོས་བཅས་ཚུད་ཡོད་པ་རེད།

06.jpg

07.jpg

08.jpg

09.jpg

010.jpg

011.jpg

བདེ་ཆེན་སེམས་ཀྱི་ཉི་ཟླའི་གནམ་གྲུ་ཐང་ནི1999ལོའི་ཟླ་4པའི་ཚེས་30ཉིན་བསྐྲུན་ནས་གནམ་གྲུ་ཤར་གཏོང་བྱས་པ་དང་།  གནམ་གྲུ་ཐང་ཤར་གཏོང་ཐུབ་པའི་ལོ་20རིང་ཁྱོན་བསྡོམསའགྲུལ་པ་མི་ཐེངས་ཁྲི་600ལྷག་ཙམ་སྐྱེལ་འདྲེན་བྱས་ཐུབ་ཡོད།   གནམ་གྲུ་ཐེངས་ཁྲི་7ཙམ་འབབ་འཕུར་ཐུབ་པར་འགན་སྲུང་བྱས་ཡོད། དངོས་ཟོག་ཏུན་12000ཙམ་སྐྱེལ་འདྲེན་ཐུབ་པ་བཅས་བྱུང་ནས་བདེ་ཆེན་བོད་ཁུལ་གྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་མེད་དུ་མི་རུང་བའི་ནུས་པ་ཐོན་ཡོད་པ་རེད།

བདེ་ཆེན་ཁུལ་གྱིས་འོས་སྦྱོར་ཚོགས་འདུའི་གོ་སྐབས་དམ་འཛིན་བྱས་ནས་འཛམ་གླིང་སེམས་ཀྱི་ཉི་ཟླའི་སྤུས་རྟགས་སྔར་བས་འོས་སྦྱོར་བྱ་རྒྱུ་དང་། མཁའ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས་འཚོལ་ཞིབ་གཏིང་ཟབ་བྱས་ནས་སེམས་ཀྱི་ཉི་ཟླ་ཆེན་མོའི་ཡུལ་སྐོར་ཚོམས་ཆེན་འཛུགས་པར་སྐུལ་འདེད་གཏོང་རྒྱུ་རེད།  །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།